འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་དར་ཚུལ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-11 14:47ལ་འགྲུབ།

འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་དར་ཚུལ།

འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་གསར་བརྗེ་ནི་ཀྲུང་གུང་གིས་ཡན་ཨན་ནས་སྤེལ་བ་དང་། གཙོ་བོ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས། ཏང་གཅིག་ལམ་ལུགས་ཡིན་པའི་གོ་མིན་ཏང་གི་ལག་ནས་སྲིད་དབང་འཕྲོག་རྒྱུ་དེ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新民主主义革命的崛起
ཕྱི་ཡིག་གི་མིང་།
The rise of the new democratic revolution
དུས་ཚོད།
དུས་རབས20བའི་མགོར།
1 ནང་དོན་དངོས།

བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པ་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས། ཁོ་ཚོའི་འདྲ་མཉམ་མིན་པའི་ཆིངས་ཡིག་ལ་བརྟེན་ནས།  ཐད་ཀར་དུ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས། ཆབ་སྲིད་སྟེང་ནས་གོམ་གང་མདུན་སྤོས་ཀྱིས་ཆིང་སྲིད་གཞུང་ལ་ཚོད་འཛིན་བྱེད་པ་ལས་གཞན། ད་དུང་དཔལ་འབྱོར་ཐད་ནས་མཚོ་ཐོག་སྐྱེལ་འདྲེན་དང་ལྕགས་ལམ། གཏེར་རི་ལ་སོགས་པའི་ཁེ་དབང་འཕྲོག་རྩོད་བྱེད་པའི་ཤུགས་ཆེ་རུ་བཏང་བ་དང་མ་དངུལ་བཏང་ནས་བཟོ་གྲྭ་འཛུགས་པའི་རྒྱ་བསྐྱེད། ཀྲུང་གོའི་བདག་དབང་མང་པོ་ཤོར་བ་དང་སྤྱི་ཚོགས་དབུལ་ཕོངས་རྗེས་ལུས་སུ་གྱུར་ཅིང་། མི་རིགས་ཉམས་ཉེན་དུ་འགྲོ་བ་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་སོང་།

2 མཇུག་འབྲས།

མི་དམངས་མང་ཚོགས་ཀྱིས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་རླུང་འཚུབ་དྲག་ཏུ་ལྡིང་བ་དང་། ས་གནས་སོ་སོར་དཔྱ་ཁྲལ་བསྡུ་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཞིང་བའི་དྲག་པོའི་འོས་ལངས་གྱིས་བྱུང་བས། བཙན་རྒྱལ་རིང་ལུགས་དང་ཆིང་སྲིད་གཞུང་གི་ལོག་སྤྱོད་དབང་སྒྱུར་ལ་རྡུང་རྡེག་དྲག་པོ་ཐེབས། འབྱོར་ལྡན་གྲལ་རིམ་གྱིས་བསླངས་པའི་ཁེ་དབང་ཕྱིར་བསྡུ་བའི་ལས་འགུལ་དེ་ས་གནས་སོ་སོར་མགྱོགས་མྱུར་ངང་སྤེལ་ཏེ། སྔ་ཕྱིར་བཙན་རྒྱལ་རིང་ལུགས་ཀྱིས་བཙན་བཟུང་བྱས་པའི་ལྕགས་ལམ་དང་གཏེར་རིའི་ཁེ་དབང་སྐོར་ཞིག་ཕྱིར་བླངས་པ་རེད།