ཝུའུ་ཁྲང་འོས་ལངས་དང་ཧུའུ་པེ་དམག་དོན་སྲིད་གཞུང་བཙུགས།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 16:09ལ་འགྲུབ།

ཝུའུ་ཁྲང་འོས་ལངས་དང་ཧུའུ་པེ་དམག་དོན་སྲིད་གཞུང་བཙུགས།

ཝུའུ་ཁྲང་འོས་ལངས་ཀྱི་སྐབས་སུ། སུན་ཀྲུང་ཧྲན་རྒྱང་རིང་གི་ཡུལ་གྲུ་ཨ་མེ་རི་ཁ་ན་ཡོད་པ་དང་། ཧོང་ཞིན་ཞང་ཀང་དུ་ཡོད་ལ། སུན་ཅའོ་རེན་ཧྲང་ཧའེ་རུ་ཡོད། རྩོམ་རིག་ཚོགས་པ་དང་སྤྱི་ཚོགས་དངོས་སྐྱོད་ཚོགས་པའི་མགོ་ཁྲིད་པ་ལ་ལ་གཤེགས་པ་དང་། ལ་ལར་རྨས་ཕོག་པ། ལ་ལ་བྲོས་བྱོལ་བྱས་པའི་དབང་གིས་དམག་དོན་སྲིད་གཞུང་གི་མགོ་གཙོ་ལི་ཡོན་ཧུང་སྤྱི་ཁྱབ་དམག་སྲིད་དཔོན་པོར་བསྐོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武昌起义与湖北军事政府建立
ཕྱི་ཡིག་གི་མིང་།
Wuchang uprising and the establishment of Hubei military government
དུས་ཚོད།
སྤྱི་ལོ1911ལོའི་ཟླ10བའི་ཚེས10
མི་སྣ།
རུའེ་ཁྲེང་། ལི་ཡོན་ཧུང་། ཞུང་པིན་ཁུང་། ཅིན་ཀྲའོ་ལུང་།
1 ​ རྒྱུ་རྐྱེན།

1 དུས་རབས20བའི་མགོར། ཝུའུ་ཧན་ས་ཁུལ་གྱི་་མི་རིགས་མ་རྩ་རིང་ལུགས་ལ་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་སྟེ། མི་རིགས་འབྱོར་ལྡན་གྲལ་རིམ་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་ཕྱིན། ཉེ་རབས་ཀྱི་སློབ་གྲྭ་མང་པོ་བཙུགས་ཕྱིན། ཧུའུ་པེ་རུ་འབྱོར་ལྡན་གྲལ་རིམ་གྱི་ཤེས་ལྡན་མི་སྣ་སྐོར་ཞིག་བྱུང་ཞིང་། ཁོ་ཚོ་ནི་གསར་བརྗེ་ཏང་གི་སྲོག་ཤིང་དུ་གྱུར།

2 ཝུའུ་ཧན་ནི་བཙན་རྒྱལ་རིང་ལུགས་ཀྱིས་འཕྲོག་བཅོམ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱིས་བཙིར་གནོན་བྱས་པའི་རྐྱེན་གྱིས། ས་དེའི་མི་དམངས་ཀྱི་འགོག་རྒོལ་གྱི་ཁྲོ་རླབས་རྒྱུན་ཆད་མེད་པར་མཐོ་རུ་འཕྱུར་ནས་ཝུའུ་ཁྲང་འོས་ལངས་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏང་།

3 གསར་བརྗེའི་ཏང་མིའི་ཝུའུ་ས་ཁུལ་དུ་ཡུན་ཅུང་རིང་བོ་ཞིག་ལ་འོས་ལངས་ཀྱི་གྲ་སྒྲིག་བྱས་ལ། རྩོམ་རིག་ཚོགས་པ་དང་སྤྱི་མཐུན་དངོས་སྐྱོད་ཚོགས་པ་ཧུའུ་པེའི་དམག་གསར་ཟབ་ཞུགས་བགྱིས་ཏེ་དྲིལ་བསྒྲགས་དང་རྩ་འཛུགས་ཀྱི་བྱ་བ་མང་པོ་བསྒྲུབས་པ་རེད། དེ་ལྟར་ཝུའུ་ཧན་དེ་ལྕགས་ཕག་ལོའི་གསར་བརྗེའི་འབྱུང་གནས་སུ་གྱུར་པའོ།།

2 བརྒྱུད་རིམ།

ཟླ10བའི་ཚེས9ཉིན། སུན་ཝུའུ་སོགས་ཀྱིས་ཧན་ཁོའུ་རུ་ཡོད་པའི་ཨུ་རུ་སུའི་བཙན་གཡར་ས་ཆ་རུ་འབར་མདེལ་བཟོ་སྐབས་འབར་གས་བྱུང་བས། ཨུ་རུ་སུས་བྱ་ར་བས་སྒྲ་ཐོས་འཕྲལ་ལྷགས་ཡོང་ནས་འོས་ལངས་སུ་བཀོལ་རྒྱུའི་དར་ཆ་དང་། ཐམ་ག བསྒྲགས་ཡིག གསར་བརྗེའི་ཏང་མིའི་མིང་ཐོ་བཅས་ཚང་མར་བསྔོག་བཤེར་བྱས་ཏེ་ཆིང་སྲིད་གཞུང་ལ་བརྒྱུད་སྤྲོད་བྱས།

3 ཆ་རྐྱེན།

1  ཟླ10བའི་ཚེས10ཉིན། ཧུའུ་ཀོང་གཉིས་ཀྱི་སྤྱི་ཁྱབ་ཞིང་དཔོན་རུའེ་ཁྲེང་གིས་ཧུའུ་ཁྲེང་མཁར་ཡོངས་ཉེན་ཟོན་དོ་དམ་བྱས་ཏེ།  མིང་ཐོ་ལྟར་འཛེམ་བག་མེད་པར་གསར་བརྗེ་ཏང་མི་བཤེར་བཟུང་བྱས་པས། གསར་བརྗེ་ལ་མགོ་ཁྲིད་མཁན་མེད་པར་གྱུར་ནས་གནས་ཚུལ་ཧ་ཅང་ཚབས་ཆེན་དུ་གྱུར་བ་རེད།

2  གསར་བརྗེ་ཏང་མི་ཞུང་པིན་ཁུང་དང་ཅིན་ཀྲའོ་ལུང་སོགས་ཀྱིས་དམག་མིའི་སྣེ་ཁྲིད་དེ་དམག་སྒར་ནས་ཕྱིར་མཆོང་སྟེ། ཁྲུའུ་ཝང་ཐའེ་དམག་ཆས་མཛོད་ཁང་བླངས་པས། རྒྱལ་ཁབ་ཕྱི་ནང་ཀུན་ལ་གཡོ་འགུལ་ཐེབས་པའི་ཝུའུ་ཁྲང་འོས་ལངས་ལངས་པ་རེད།

3    ཚེས12ཉིན། ཝུའུ་ཧན་གྲོང་རྡལ་གསུམ་ཚང་མ་ཚུར་བླངས་ཤིང་། ལོ་རྒྱུས་སུ་ཐེངས་དེའི་གསར་བརྗེ་ལ་ལྕགས་ཕག་ལོའི་གསར་བརྗེ་ཟེར།

4 མཇུག་འབྲས།

ཝུའུ་ཁྲང་འོས་ལངས་ལེགས་འགྲུབ་བྱུང་རྗེས། ཧུའུ་པེ་དམག་དོན་སྲིད་གཞུང་བཙུགས་ཏེ། ལི་ཡོན་ཧུང་གིས་དམག་སྤྱི་ཆེན་མོའི་འགན་ཁུར་དང་། ཞོན་ཐུང་གི་ལོ་རྟགས་དོར་ནས་ཧོང་ཏིའི་སྲིད་ལོ་རྩིས་མགོ་ནས་བརྩི་བར་བསྒྱུར་བ་དང་། རྒྱལ་མིང“ཀྲུང་ཧྭ་མིན་གོ་བཙུགས།

5 ཤུགས་རྐྱེན།

རྒྱལ་ཡོངས་ཀྱི་གསར་བརྗེ་གོང་དུ་འཕེལ་བ་དང་མཉམ་དུ། ཞིང་ཆེན་སོ་སོའི་ཁཐརིམས་འཛུགས་ཕྱོགས་ཁག་དང་བཀས་བཀོད་རྒྱུད་འཛིན་གྱི་དཔོན་ངན་ཚོ་སྐབས་གླགས་དེ་དང་བསྟུན་ནས་གསར་བརྗེར་ཞུགས་ཏེ། ས་གནས་ཀྱི་སྲིད་དབང་མང་ཤས་དབང་དུ་བསྒྱུར་བས།  གསར་བརྗེར་ཕམ་པར་འགྱུར་བའི་ཉེན་ཁ་ཞིག་ཏུ་གྱུར་ཡོད།