མནའ་མཐུན་ཚོགས་པ་བཙུགས་པ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-10 17:36ལ་འགྲུབ།

མནའ་མཐུན་ཚོགས་པ་བཙུགས་པ།

མནའ་མཐུན་ཚོགས་པ་ནི་རྒྱལ་ཡོངས་རང་བཞིན་དང་གཅིག་གྱུར་གྱི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་སྲིད་ཏང་དང་པོ་ཡིན་ཞིང་། དེ་བཙུགས་པ་དེས་ཀྲུང་གོའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་གསར་བརྗེ་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
同盟会成立
ཕྱི་ཡིག་གི་མིང་། 
The tong Hui alliance was established
ཕྱི་ཡིག་གི་མིང་། 
The tong Hui alliance was established
མི་སྣ།
སུན་ཀྲུང་ཧྲན། ཧོང་ཞིན། སུང་ཅའོ་རེན།
ཆབ་སྲིད་ཀྱི་རྩ་འཛིན།
མི་རིགས། དམངས་དབང་། དམངས་འཚོ།
ངོ་བོ།
གསར་བརྗེ་སྲིད་ཏང་དང་པོ།
ཙུང་ལི།
སུན་ཀྲུང་ཧྲན།
དུས་དེབ་གསར་བ།
《མི་སེར་ཚགས་པར》
1 ངོ་སྤྲོད།

གསར་བརྗེའི་བསམ་བློ་རྒྱ་ཁྱབ་དུ་སྤེལ་བ་དང་གསར་བརྗེའི་ཚོགས་པ་རྒྱུན་ཆད་མེད་པར་བྱུང་བ། ས་གནས་སོ་སོའི་གསར་བརྗེའི་བྱེད་སྒོ་དབྱར་མཚོ་བཞིན་གོང་དུ་འཕེལ་བ་བཅས་ཀྱིས་གཅིག་གྱུར་གྱི་འབྱོར་ལྡན་གྲལ་རིམ་གསར་བརྗེའི་སྲིད་ཏང་འཛུགས་པར་ཆ་རྐྱེན་བསྐྲུན་ལ། སྤྱི་ལོ1905ལོའི་དབྱར་ཁར། སུན་ཀྲུང་ཧྲན་འཇའ་ཕན་ཏུང་ཅིན་དུ་ཕེབས་ནས། སྔ་རྗེས་སུ་ཧོང་ཞིན་དང་སུང་ཅའོ་རེན། ཁྲེན་ཐེན་ཧྭ་སོགས་ལ་མཇལ་འཕྲད་གནང་སྟེ་གཅིག་གྱུར་གྱི་གསར་བརྗེ་སྲིད་ཏང་གྲབས་འཛུགས་བྱེད་པའི་གནད་དོན་ལ་གྲོས་མོལ་མཛད། སུན་ཀྲུང་ཧྲན་གྱིས་གསར་བརྗེ་ལ་ངེས་པར་དུ་གཅིག་གྱུར་གྱི་རྩ་འཛུགས་ཤིག་དང་མགོ་ཁྲིད་ཅིག་ཡོད་དགོས་པ་ནན་གྱིས་གསུངས། སྤྱི་ལོ1905ལོར། སུན་ཀྲུང་ཧྲན་དང་ཧོང་ཞིན། སུང་ཅའོ་རེན་བཅས་ཀྱིས་ཀྲུང་ཧྭ་དར་རྒྱས་ཚོགས་པ་དང་ཀྲུང་ཧྭ་དར་རྒྱས་ལྷན་ཚོགས། མངའ་ཁོངས་ཚུར་ལེན་ཚོགས་པ་བཅས་ཀྱི་ཁོངས་མི་བདུན་ཅུ་ལྷག་དང་མཉམ་དུ་འཇའ་ཕན་ཏུང་ཅིན་དུ་ཚོགས་འདུ་བསྡུས་ཏེ། གཅིག་གྱུར་གྱི་གསར་བརྗེའི་སྲིད་ཏང་སྟེ་ཀྲུང་གོ་མནའ་མཐུན་ཚོགས་པ་འཛུགས་རྒྱུའི་ཐག་བཅད། ཟླ8པར་ཀྲུང་གོ་མནའ་མཐུན་ཚོགས་པས་ཏུང་ཅིན་དུ་ཚོགས་པ་དབུ་བརྙེས་པའི་ཚོགས་ཆེན་བསྡུས། སུན་ཀྲུང་ཧྲན་ཙུང་ལིར་འདེམས་བསྐོ་བྱས་ཤིང་། ཧོང་ཞིན་ལས་འཛིན་པུའུ་ཡི་ནང་ལས་པུའུ་ཀྲང་ལ་བདམས།

2  སུན་ཀྲུང་ཧྲན་གྱི་《མི་སེར་ཚགས་པར》
3 ངོ་བོ།

མནའ་མཐུན་ཚོགས་པའི་ཆབ་སྲིད་ཀྱི་རྩ་འཛིན་དེ་མི་རིགས་དང་དམངས་དབང་།དམངས་འཚོ་བཅས་རིང་ལུགས་ཆེན་པོ་གསུམ་དུ་རྒྱས་བཤད་མཛད་ཅིང་། བསྡུས་མིང་ལ་མི་སེར་དོན་གསུམ་རིང་ལུགས་ཟེར།

4 ནང་དོན།

1 མན་ཇུ་མཐར་སྐྲོད་དང་ཀྲུང་ཧྭ་སླར་གསོ་ནི་སུན་ཀྲུང་ཧྲན་གྱི་མི་རིགས་རིང་ལུགས་ཀྱི་བསམ་བློ་ཡིན།

2 མིན་གོ་གསར་འཛུགས་ནི་སུན་ཀྲུང་ཧྲན་གྱི་དམངས་དབང་རིང་ལུགས་ཀྱི་བསམ་བློ་ཡིན།

3 དམངས་དབང་རིང་ལུགས་ནི་སུན་ཀྲུང་ཧྲན་གྱི་མི་སེར་དོན་གསུམ་རིང་ལུགས་ཀྱི་བསམ་བློའི་དོན་སྙིང་ཡིན།

4 ས་དབང་ཆ་སྙོམས་ནི་སུན་ཀྲུང་ཧྲན་གྱི་དམངས་འཚོ་རིང་ལུགས་ཀྱི་བསམ་བློ་ཡིན།

5  གདེང་འཇོག

མི་སེར་དོན་གསུམ་རིང་ལུགས་ནི་འབྱོར་ལྡན་གྲལ་རིམ་དམངས་གཙོའི་གསར་བརྗེའི་རྩ་འཛིན་ཅུང་ཆ་ཚང་ཞིག་ཡིན། དེས་འབྱོར་ལྡན་གྲལ་རིམ་གྱི་ཆབ་སྲིད་དང་དཔལ་འབྱོར་སྟེང་གི་ཁེ་ཕན་དང་འདུན་མ་མཚོན་ཞིང་། མི་རིགས་རང་བཙན་དང་དམངས་གཙོའི་ཁེ་དབང་ལ་རེ་བའི་ཐུན་མོང་གི་རེ་སྨོན་མཚོན་པ་དང་། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རེ་འདུན་ཁ་གསལ་བོའི་སྒོ་ནས་བཏོན་མེད་པ་དང་། ས་ཞིང་གསར་བརྗེའི་རྩ་འཛིན་ཡང་མེད་པ་རེད། འབྱོར་ལྡན་གྲལ་རིམ་གསར་བརྗེའི་ཕྱོགས་ཁག་གིས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་མཐའ་འཁྱོལ་བ་ཞིག་བྱེད་པའི་དམངས་གཙོའི་གསར་བརྗེའི་ལས་འགན་བསྒྲུབ་མི་ཐུབ་པ་ཐག་བཅད་ཡོད།