བན་བུན།སྔ་མའི་པར་གཞི་དེ བྱ་མདོ་ཀླུ་མོ་མཚོ།  ནས 2017-06-22 10:03ལ་འགྲུབ།

བན་བུན།

༡ ཚད་སྟུག་པོ་མིན་པའམ་ཁ་ཐོར་བའི་རྣམ་པ། ༢ མི་གསལ་བའམ་སེམས་བརྟན་པོ་མིན་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 依稀,迷离

དབྱིན་ཡིག unhappy, troubled, uneasy

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས། རྒྱན་ཚིག)①ཚད་སྟུག་པོ་མིན་པའི་དོན་ཏེ། སྤྲིན་བན་བུན། ནགས་བན་བུན། སྨུགས་པ་བན་བུན་ཞིག་འཐིབས་ལྟ་བུ། ②སེམས་བརྟན་པོ་མིན་པའི་དོན་ཏེ། སེམས་ཀྱི་སྣང་བ་བན་བུན་དུ་གྱུར་ལྟ་བུ། ③ཁ་སྐད་དུ་བ་ནེ་བུན་ནེ་ཟེར་བ་དང་དོན་གཅིག་སྟེ། ཆང་གིས་བ་ནེ་བུན་ནེ་ཞིག་བཟི་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  སྣང་བ་བན་བུན་དང་གྲངས་ཤིག   1.境相昏暗。2.摩婆罗,大数之一。【增】1.﹦ཛ་རེ་ཛོ་རེ། 渐次。 2.﹦ན་བུན或སྨུག་པ།  雾。﹝达﹞磕绊声。﹝四﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  བན་ནི་བུན་ནིའི་བསྡུས་ཚིག   

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཐར་ཐོར་དང༌། ཤག་ཤིག་དང༌། ཟར་ཟིར་སོགས་འདི་ཡིན་འདི་མིན་ངེས་བཟུང་མེད་པའི་ཚུལ། 依稀,迷离,模糊,恍惚不定貌:ཉམས་སྣང་བན་ནི་བུན་ནི། 感受模糊。རྨི་ལམ་བན་ནི་བུན་ནི། 梦境依稀。འཕྲོས་གཏམ་བན་ནི་བུན་ནི། 言词惝恍。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  རྒྱན་ཚིག ༡ཚད་སྟུག་པོ་མིན་པའམ་ཁ་ཐོར་བའི་རྣམ་པ་སྟེ། དཔེར་ན། སྨུག་པ་བན་བུན། སྤྲིན་པ་བན་བུན་ལྟ་བུ། ༢ མི་གསལ་བའམ་སེམས་བརྟན་པོ་མིན་པའི་དོན་ཏེ། དཔེར་ན། སྣང་བ་བན་བུན། སེམས་པ་བན་བུན་ལྟ་བུ།