སྤེལ་ཟླ།སྔ་མའི་པར་གཞི་དེ ཨ་སངས།  ནས 2017-08-01 11:39ལ་འགྲུབ།

སྤེལ་ཟླ།

སྤེལ་ཟླ།
སྤེལ་ཟླ་ནི་བྱ་དངོས་ཤིག་གི་ཁྱད་ཆོས་མངོན་པར་བྱེད་པ་དང་གཙོ་ཕལ་དབྱེ་འབྱེད་བྱེད་པར་རྒྱུན་དུ་དངོས་པོ་གཞན་དག་གིས་གཞོགས་འདེགས་བྱས་པར་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
衬托
མིང་གཞན།
རྒྱན་སྤྲས།
1 ​ངོ་སྤྲོད།

སྤེལ་ཟླ་ནི་བྱ་དངོས་ཤིག་གི་ཁྱད་ཆོས་མངོན་པར་བྱེད་པ་དང་གཙོ་ཕལ་དབྱེ་འབྱེད་བྱེད་པར་རྒྱུན་དུ་དངོས་པོ་གཞན་དག་གིས་གཞོགས་འདེགས་བྱས་པར་ཟེར་ཞིང་། སྤྲིན་ལ་བརྟེན་ནས་ཟླ་བ་མངོན་པར་བྱེད་པའི་ཐབས་ནི་སྤེལ་ཟླ་ཡིན། 

2 དབྱེ་བ།

སྤེལ་ཟླ་ལ་དབྱེ་ན་དྲང་ཕྱོགས་ཀྱི་སྤེལ་ཟླ་དང་ལྡོག་ཕྱོགས་ཀྱི་སྤེལ་ཟླ་བཅས་རིགས་གཉིས་ཡོད་ཅིང་།  ལྟ་ན་སྡུག་པའི་ཡུལ་ལྗོངས་ལ་བརྟེན་ནས་དགའ་སྣང་མཚོན་པར་བྱེད་པ་དང་ཡ་ང་བའི་ཡུལ་ལྗོངས་ལ་བརྟེན་ནས་སྐྱོ་སྣང་མཚོན་པར་བྱེད་པར་དྲང་ཕྱོགས་ཀྱི་སྤེལ་ཟླ་ཟེར་བ་དང་།  ཐ་དད་དང་ལྡོག་ཕྱོགས་ཀྱི་བྱ་དངོས་རྒྱབ་ལྗོངས་བྱས་ཏེ་ལྟ་ན་སྡུག་པའི་ཡུལ་ལྗོངས་ལ་བརྟེན་ནས་སྐྱོ་སྣང་མཚོན་པ་དང་ཡ་ང་བའི་ཡུལ་ལྗོངས་ལ་བརྟེན་ནས་དགའ་སྣང་མཚོན་པར་བྱེད་པ།  ཡང་ན་འགུལ་སྐྱོད་བྱེད་པའི་དངོས་པོར་བརྟེན་ནས་གཏན་འཇགས་མཚོན་པར་བྱེད་པར་ལྡོག་ཕྱོགས་ཀྱི་སྤེལ་ཟླ་ཟེར་གྱིན་ཡོད། 


བརྡ་འགྲེལ་གདོང་འཛར།

རྩོམ་རིག་གཞུང་ལུགས། སྤེལ་ཟླ།