དབང་བའི་ལམ་ལུགས།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:28ལ་འགྲུབ།

དབང་བའི་ལམ་ལུགས།

དབང་བའི་ལམ་ལུགས་ནི་མི་རྣམས་ཀྱིས་དངོས་པོའི་རྒྱུ་ཆ་བདག་བཟུང་བྱེད་པའི་རྣམ་པར་བརྗོད་པ་དང་། རྒྱུན་པར་ཐོན་སྐྱེད་རྒྱུ་ཆ་བདག་བཟུང་བྱེད་པའི་རྣམ་པ་ཞིག་ཡིན་ལ། དེ་ནི་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ཤིག་ཀྱང་ཡིན།
1 ལམ་ལུགས་ཀྱི་གྲུབ་ཚུལ།

དེ་ནི་དབང་བའི་ལམ་ལུགས་མི་འདྲ་བའི་རྣམ་པས་བཟུང་བའི་ངེས་གཏན་གྱི་སྤྱི་ཚོགས་ཁྲོད་ཀྱི་གོ་གནས་དང་བྱེད་ནུས། དེ་བཞིན་ཕན་གྱི་འབྲེལ་བར་བརྗོད་པ་ཞིག་ཡིན། དེས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཕྱིའི་འབྲེལ་བ་ཚུར་སྣང་བྱེད་བཞིན་ཡོད། ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ནི་ཐོན་སྐྱེད་འབྲེལ་བའི་རྨང་གཞིའི་སྟེང་། སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞིའི་དཔལ་འབྱོར་ལམ་ལུགས་ཀྱིས་ཐོག་མར་ཐོན་སྐྱེད་རྒྱུ་ཆ་སྤྱི་ཚོགས་རིང་ལུགས་སྤྱི་ལ་དབང་བའི་ལམ་ལུགས་གསལ་བོར་མཚོན་བཞིན་ཡོད་པ་དང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་གནས་བབ་ཐག་གཅོད་བྱེད་བཞིན་ཡོད་པ་དང་། དབང་བའི་ལམ་ལུགས་ཀྱི་གྲུབ་ཚུལ་དེ་སྤྱི་ལ་དབང་བའི་ལམ་ལུགས་གཙོ་གཞིར་འཛིན་པ་ཞིག་ཡིན། དབང་བའི་ལམ་ལུགས་མི་འདྲ་བའི་དཔལ་འབྱོར་འདྲ་མཉམ་ངང་གོང་འཕེལ་དུ་འགྲོ་བ་ཞིག་ཡིན་ལ། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དཔལ་འབྱོར་ལམ་ལུགས་ཀྱི་རྩ་བའི་ཁྱད་ཆོས་དེ་ཡིན།

2 ལོ་རྒྱུས་ཀྱི་འགྱུར་བ།

ཀྲུང་གོའི་དབང་བའི་ལམ་ལུགས་གྲུབ་ཚུལ་གྱི་འགྱུར་བ་དེ་རིམ་པ་གསུམ་དུ་དབྱེ་ཆོག་ཅིང་།

དུས་རིམ་དང་པོ།

རྒྱལ་ཁབ་དབུ་བརྙེས་པ་ནས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡར་སྔོན་བར་ཡིན་ལ། དུས་རིམ་འདི་ནི་ཀྲུང་གོའི་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ལྟར་རྒྱ་ཆེ་སྤྱི་སྙོམས་ལ་རེ་སྙེག་བྱེད་པ་ཞིག་ཡིན་ཞིང་། སྤྱི་ལ་དབང་བའི་ལམ་ལུགས་མངོན་འགྱུར་བྱེད་པའི་རྣམ་པ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་ངོས་འཛིན་བྱེད་བཞིན་ཡོད།

དུས་རིམ་གཉིས་པ།

སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་ཚོགས་ཆེན་ཐེངས་བཅོ་ལྔ་བའི་བར་ཡིན་ཞིང་། དུས་རིམ་འདི་ནི། སྤྱི་ལ་དབང་བའི་ལམ་ལུགས་གཙོ་གཞིར་པ་ནན་སྒྲོག་བྱེད་པའི་དུས་སྐབས་ཤིག་ཡིན་ལ། དཔལ་འབྱོར་གྲུབ་ཆ་སོ་སོ་མཉམ་དུ་འཕེལ་རྒྱས་འགྲོ་བའི་དུས་རིམ་ཞིག་ཡིན།

དུས་རིམ་གསུམ་པ།

ཚོགས་ཆེན་སྐབས་བཅོ་ལྔ་བའི་ཚོགས་པའི་རྗེས་ཡིན།


དཔྱད་གཞིའི་ཡིག་ཆ།