རིག་སྨོན་གྲོང་རྡལ།སྔ་མའི་པར་གཞི་དེ གཡུ་འབྲུག  ནས 2017-07-07 11:55ལ་འགྲུབ།

རིག་སྨོན་གྲོང་རྡལ།

རིག་སྨོན་གྲོང་རྡལ།
རིག་སྨོན་གྲོང་རྡལ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ44ཡི་མཚམས་ན་ཡོད། གྲོང་རྡལ་འདི་ཆགས་ཡོད་སའི་ཐང་གཞོངས་ལ་ངག་ཐོག་ཏུ་རིག་མོ་གཞོངས་ཟེར་ཞིང་། དེ་ནི་མི་རིགས་ཐམས་ཅད་ཀྱི་ཡིད་སྨོན་འཆོར་ས་ཞིག་ཡིན་ཞེས་ཡིག་ཐོག་ཏུ་དེ་ལ་རིག་སྨོན་གཞོངས་ཞེས་འབྲི་བ་ཁྱབ་ཆེ། གྲོང་རྡལ་འདིའི་སྲིད་གཞུང་ནི་རིག་སྨོན་གཞོངས་ན་ཡོད་པའི་རྒྱུ་མཚན་གྱིས་མིང་ཡང་དེ་སྐད་དུ་བཏགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
倒淌河镇
ལ་ཏིང་གི་མིང་།
rig smon grong rdal
སྲིད་འཛིན་རིགས་དབྱེ།
གྲོང་རྡལ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་།
མངའ་ཁོངས།
རབ་འོག་མ་དང་། ཚ་ཧན་ཏ་བ། ཕ་ཡག རྒྱ་ཡེ། གཡོན་རུ། དཔོན་སྐོར་སོགས་སྡེ་བ9ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1737.5
མི་གྲངས།
མི་ཁྲི་ཚོ1.246
སྲིད་གཞུང་གནས་ཡུལ།
གསེར་ཆེན་རྫོང་སྲིད་གཞུང་གི་ཤར་ཕྱོགས་སུ་ཆགས་ཡོད།
1 ངོ་སྤྲོད།

རིག་སྨོན་གྲོང་རྡལ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ44ཡི་མཚམས་ན་ཡོད། གྲོང་རྡལ་འདི་ཆགས་ཡོད་སའི་ཐང་གཞོངས་ལ་ངག་ཐོག་ཏུ་རིག་མོ་གཞོངས་ཟེར་ཞིང་། དེ་ནི་མི་རིགས་ཐམས་ཅད་ཀྱི་ཡིད་སྨོན་འཆོར་ས་ཞིག་ཡིན་ཞེས་ཡིག་ཐོག་ཏུ་དེ་ལ་རིག་སྨོན་གཞོངས་ཞེས་འབྲི་བ་ཁྱབ་ཆེ། གྲོང་རྡལ་འདིའི་སྲིད་གཞུང་ནི་རིག་སྨོན་གཞོངས་ན་ཡོད་པའི་རྒྱུ་མཚན་གྱིས་མིང་ཡང་དེ་སྐད་དུ་བཏགས་པ་ཡིན།  འདིའི་ཆགས་ཡུལ་ནི་མཚོ་སྔོན་པོའི་ཤར་མཐའ་སྟེ། སའི་གོ་ལའི་བྱང་གི་འཕྲེད་ཚད36º12'ནས36º36'གི་མཚམས་དང་།ཤར་གྱི་གཞུང་ཚད100º31'ནས101º22'ཀྱི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་སྟོང་སྐོར་རྫོང་གི་ཉི་ཟླ་བོད་རིགས་ཡུལ་ཚོ་དང་། ཧྥོ་ཧའེ་ཡུལ་ཚོ། ཤར་ལྷོ་ནི་ཁྲི་ཀ་རྫོང་གི་ལ་ཟེ་བ་གྲོང་རྡལ། ལྷོ་ཕྱོགས་ནི་ཚལ་རྔ་འགག་གྲོང་རྡལ། ནུབ་ཕྱོགས་དང་ལྷོ་ནུབ་ཕྱོགས་ནི་ཆབ་ཆ་གྲོང་རྡལ་དང་། ཅང་སི་ཡུལ་ཚོ། མཚོ་སྔོན་པོ། བྱང་ཕྱོགས་ནི་མདའ་བཞི་རྫོང་གི་དངུལ་ཐང་ཡུལ་ཚོ་བཅས་ལ་འབྲེལ་ཡོད།

སྤྱི་ལོ1929ལོར་གསེར་ཆེན་རྫོང་བཙུགས་རྗེས།  ས་ཁུལ་འདིར་འཁྱམ་རུ་ཆུས་བཙུགས་མྱོང་ལ།  སྤྱི་ལོ1949ལོའི་རྗེས་སུ་ས་ཁུལ་འདི་སྔར་བཞིན་འཁྱམ་རུ་ཆུས་ཀྱི་མངའ་འོག་ཡིན། སྤྱི་ལོ1958ལོར་སྔ་ཕྱིར་ཆུས་དང་ཀུང་ཧྲེ་རུ་བསྒྱུར། སྤྱི་ལོ1960ལོར་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ1968ལོར་ཡང་བསྐྱར་ཀུང་ཧྲེ་རུ་བསྒྱུར། སྤྱི་ལོ1984ལོར་སླར་ཡང་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ2001ལོའི་ཟླ་དང་པོར་གྲོང་རྡལ་དུ་བསྒྱུར།

ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3280དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1737.5།    མི་གྲངས་ཁྲི་ཚོ1.246བཅས་ཡོད(སྤྱི་ལོ2008ལོའི་རྩིས་གྲངས་ཡིན)།    འདིའི་མངའ་འོག་ན་རབ་འོག་མ་དང་། ཚ་ཧན་ཏ་བ། ཕ་ཡག རྒྱ་ཡེ། གཡོན་རུ། དཔོན་སྐོར།  མོང་གོལ།  ཕག་སྐོར། ལྡོང་དངོས་བཅས་སྡེ་བ9ཡོད།