ཨོ་སི་ཁ་གསེར་རྟགས།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-10 16:35ལ་འགྲུབ།

ཨོ་སི་ཁ་གསེར་རྟགས།

ཨོ་སི་ཁ་གསེར་རྟགས།
འཛམ་གླིང་རྒྱལ་ཁབ་ཁག་གིས་བཙུགས་པའི་གློག་བརྙན་བྱ་དགའི་ཁྲོད་དུ་ཨ་རིའི་ཨོ་སི་ཁ་གསེར་རྟགས་ནི་ཤུགས་རྐྱེན་ཆེ་ཤོས་ཡིན། དེ་ཉིད་ལོ་རྒྱུས་རིང་ལ་གཞི་རྒྱ་ཆེ་བ་དང་། ཨ་རིའི་གློག་བརྙན་གྱི་འཕེལ་རིམ་དང་གྲུབ་འབྲས་མཚོན་ཡོད་པས་མི་ཚད་རྒྱལ་ཁབ་གཞན་དག་གི་གློག་བརྙན་སྒྱུ་རྩལ་གྱི་ཐོན་སྐྱེད་ལ་ཡང་ཤུགས་རྐྱེན་ཆེན་པོ་ཞུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
奥斯卡金像奖
ཕྱི་ཡིག་གི་མིང་།
Academy Award
འགོ་ཚུགས་དུས།
སྤྱི་ལོ1929ལོ།
སྡེ་ཁག
ཨ་རིའི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་།
དྲ་ཚིགས།
http://oscars.org/
1 ​ངོ་སྤྲོད།

འཛམ་གླིང་རྒྱལ་ཁབ་ཁག་གིས་བཙུགས་པའི་གློག་བརྙན་བྱ་དགའི་ཁྲོད་དུ་ཨ་རིའི་ཨོ་སི་ཁ་གསེར་རྟགས་ནི་ཤུགས་རྐྱེན་ཆེ་ཤོས་ཡིན། དེ་ཉིད་ལོ་རྒྱུས་རིང་ལ་གཞི་རྒྱ་ཆེ་བ་དང་། ཨ་རིའི་གློག་བརྙན་གྱི་འཕེལ་རིམ་དང་གྲུབ་འབྲས་མཚོན་ཡོད་པས་མི་ཚད་རྒྱལ་ཁབ་གཞན་དག་གི་གློག་བརྙན་སྒྱུ་རྩལ་གྱི་ཐོན་སྐྱེད་ལ་ཡང་ཤུགས་རྐྱེན་ཆེན་པོ་ཞུགས་ཡོད་པ་རེད། བྱ་དགའ་དེ་ནི་ཨ་རིའི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གིས་བཙུགས་པའི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གི་བྱ་དགའ་ཞེས་པ་ཡིན་ལ། ལོ་རེར་ཐེངས་རེ་སྩོལ་གྱི་ཡོད། སྐབས་དང་པོའི་ཨོ་སི་ཁ་བྱ་དགའ་སྩོལ་བའི་མཛད་སྒོ་ནི་སྤྱི་ལོ1929ལོར་བསྐོངས་པ་དང་། དེ་ནས་སྤྱི་ལོ2009ལོའི་བར་དུ་ཐེངས་མ81བསྐོངས་ཡོད་པ་རེད། བྱ་དགའ་དེའི་རྟགས་མ་ནི་མིང་ལ་ཨོ་སི་ཁ་ཟེར་བའི་གསེར་རྩི་ཞུགས་པའི་མིའི་འདྲ་འབག་ཞིག་ཡིན། 

ཨོ་སི་ཁ་བྱ་དགའ་ནི་ལོ་གོང་མར་སྤེལ་བའི་དབྱིན་ཇིའི་སྐད་ཀྱི་གློག་བརྙན་དག་གདམ་བྱ་བྱས་ཏེ་གདམ་གསེས་བྱེད་པ་དང་། གྲུབ་འབྲས་བྱ་དགའ་དང་། དམིགས་བསལ་བྱ་དགའ། ཚན་རིག་ལག་རྩལ་བྱ་དགའ་བཅས་རིགས་གསུམ་ཡོད། ད་ལྟ་བྱ་དགའི་རྣམ་གྲངས28ཡོད་པ་ནི་དཔེར་ན་གློག་བརྙན་ཡག་ཤོས་བྱ་དགའ་དང་། སྐྱེས་པའི་མི་སྣ་གཙོ་བོ་ཡག་ཤོས་ཀྱི་བྱ་དགའ། བུད་མེད་མི་སྣ་གཙོ་བོ་ཡག་ཤོས་ཀྱི་བྱ་དགའ། ཕྱི་རྒྱལ་སྐད་ཀྱི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ། མཚན་འཛིན་བྱ་དགའ། ཚན་རྩལ་གྲུབ་འབྲས་བྱ་དགའ་ལ་སོགས་པ་ཡིན། གདམ་གསེས་བྱས་འབྲས་ནི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གི་ཁོངས་མི་ཚོས་འདེམས་ཤོག་འཕངས་ནས་ཐོན་གྱི་ཡོད། འདེམས་ཤོག་འཕེན་པར་གོ་རིམ་གཉིས་ཡོད་པ་སྟེ། གོ་རིམ་སྔ་མར་འདེམས་སྒུག་གློག་བརྙན་ཡག་ཤོས5འདེམས་པར་བྱེད་པ་དེ་ནི་མིང་བཏོན་ཞེས་པ་དེ་ཡིན། གོ་རིམ་རྗེས་མ་ནི་མིང་བཏོན་གྱི་ཁྱབ་ཁོངས་ནང་ནས་བདམས་ཐོན་ཡོང་གི་ཡོད། ཨོ་སི་ཁ་བྱ་དགའི་གདམ་གསེས་ལས་ཀ་གཟབ་ནན་ཆེ་ལ་ཞིབ་ཕྲ་ཡིན་པ་དང་། ཆེད་ལས་ལག་རྩལ་ཕྱོགས་ཀྱི་ཚད་གཞི་མཐོན་པོ་འཛིན་པས་བྱ་དགའ་དེ་ཉིད་ཐོག་མ་ཉིད་ནས་གཟབ་ནན་ཅན་གྱི་གློག་བརྙན་བྱ་དགའ་ཞིག་ཡིན་པར་ཁས་ལེན་པ་རེད། 

སྤྱི་ལོ2001ལོར་འཁྲབ་ཁྲིད་པ་ལི་ཨན་གྱི་ཀྲུང་གོའི་གློག་བརྙན《དཔའ་བོའི་བསྟི་གནས》ཞེས་པར་སྐབས73པའི་ཨོ་སི་ཁ་གསེར་རྟགས་བྱ་དགའི་ཕྱི་རྒྱལ་སྐད་ཀྱི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་དང་། པར་ལེན་ཡག་ཤོས་ཀྱི་བྱ་དགའ། སྒྱུ་རྩལ་ཁྲིད་སྟོན་དང་འཁྲབ་ཁྱེར་ཡག་ཤོས་ཀྱི་བྱ་དགའ། རང་བརྩམས་རོལ་མོ་ཡག་ཤོས་ཀྱི་བྱ་དགའ་བཅས་པའི་བྱ་དགའི་རྣམ་གྲངས4ཐོབ་པ་རེད།