རྩ་འཛིན་ལས་འགུལ།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 10:58ལ་འགྲུབ།

རྩ་འཛིན་ལས་འགུལ།

རྩ་འཛིན་ལས་འགུལ།
རྩ་འཛིན་ལས་འགུལ་ནི་དུས་རབས19བའི་ལོ་རབས30བ་ནས་ལོ་རབས50བར་དབྱིན་ཇིར་བྱུང་བའི་མི་དམངས་ཀྱི་རྩ་འཛིན་བརྩོན་ལེན་བྱེད་པའི་བཟོ་བའི་ལས་འགུལ་ཞིག་ཡིན། སྤྱི་ལོ1838ལོའི་ཟླ5བའི་ཚེས8ཉིན《མི་དམངས་ཀྱི་རྩ་འཛིན》ཞེས་པའི་མིང་བཏགས་ནས་སྤེལ་བ་དང་ལས་འགུལ་ལ་མིང་དེ་ལྟར་ཐོགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宪章运动
ཕྱི་ཡིག་གི་མིང་།
Chartism
རྒྱལ་ཁབ།
དབྱིན་ཇི།
ལས་འགུལ་ནང་ཞུགས་མཁན།
བཟོ་བ།
གྲུབ་འབྲས་གཙོ་བོ།
རྒྱལ་ཡོངས་རང་བཞིན་གྱི་ཆབ་སྲིད་ལས་འགུལ་ཞིག་དང་། འཛམ་གླིང་སྟེང་གི་ཆེས་ཐོག་མའི་མང་ཚོགས་རང་བཞིན་དང་ཆབ་སྲིད་རང་བཞིན་གྱི་འབྱོར་མེད་གྲལ་རིམ་གསར་བརྗེ་ཞིག་ཡིན།
མགོ་བརྩམས་པའི་དུས་ཚོད།
སྤྱི་ལོ1836ལོ།
མཇུག་སྒྲིལ་བའི་དུས་ཚོད།
སྤྱི་ལོ1848ལོ།
དམིགས་ཡུལ།
ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་དང་ངལ་རྩོལ་བའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ།
རྣམ་པ།
བཟོ་མཚམས་བཞག་ནས་ཁྲོམ་སྐོར་དང་རེ་འདུན་ཡི་གེ་ཕུལ་བ།
1 ངོ་སྤྲོད།

རྩ་འཛིན་ལས་འགུལ་ནི་དུས་རབས19བའི་ལོ་རབས30བ་ནས་ལོ་རབས50བར་དབྱིན་ཇིར་བྱུང་བའི་མི་དམངས་ཀྱི་རྩ་འཛིན་བརྩོན་ལེན་བྱེད་པའི་བཟོ་བའི་ལས་འགུལ་ཞིག་ཡིན། སྤྱི་ལོ1836ལོར་ལོན་ཏོན་གྱི་བཟོ་ཚོགས་བཙུགས་ཤིང་ལོ་རེའི་ཟླ6པར་བཟོ་ཚོགས་ཀྱིས་འདེམས་བསྐོའི་ཁེ་དབང་བརྩོན་ལེན་བྱེད་པའི་རྩ་འཛིན་ཡིག་ཆ་སྒྲིག་ནས། ལོ་ཉེར་གཅིག་ལོན་པའི་སྐྱེས་པར་འདེམས་བསྐོ་དང་གསང་བའི་འདེམ་ཤོག་འཕེན་པ། འོས་འདེམ་གྲོས་མིའི་རྒྱུ་ནོར་རྩིས་མེད་དུ་གཏོང་བ་ལ་སོགས་པའི་རེ་འདུན་དྲུག་བཏོན་པ་མ་ཟད། སྤྱི་ལོ1838ལོའི་ཟླ5བའི་ཚེས8ཉིན《མི་དམངས་ཀྱི་རྩ་འཛིན》ཞེས་པའི་མིང་བཏགས་ནས་སྤེལ་བ་དང་ལས་འགུལ་ལ་མིང་དེ་ལྟར་ཐོགས་པ་རེད།

རྩ་འཛིན་ལ་གཅེས་མཁན་ཚོས་ས་ཆ་སོ་སོར་ཁྲོམ་སྐོར་དང་འདུ་འཚོགས་སྤེལ་ནས་རྩ་འཛིན་དངོས་སུ་ལག་བསྟར་བྱ་དགོས་པའི་རེ་བ་བཏོན་རུང་སྲིད་གཞུང་གིས་དྲག་མནོན་བྱས་པ་རེད། སྤྱི་ལོ1840ལོའི་ཟླ7པར་རྒྱལ་ཡོངས་ཀྱི་རྩ་འཛིན་ཚོགས་པ་བཙུགས་ཤིང་ཨེན་ཀི་སིས་ཉེ་རབས་ཀྱི་བཟོ་བའི་སྲིད་ཏང་ཐོག་མ་ཞེས་གདེང་འཇོག་གནང་ཡོད། སྤྱི་ལོ1842ལོར་རྩ་འཛིན་ཚོགས་པས་འདེམས་བསྐོའི་དབང་ཆ་ལྡན་དགོས་པ་དང་། གཞན་གུད་སྐྱོབ་ཁྲིམས་གསར་རྩ་མེད་གཏོང་དགོས་ལ། བཟོ་བའི་ལས་ཞུགས་ཚད་ཚོད་འཛིན་དང་ཆོས་སྲིད་སོ་སོར་གཉེར་བའི་རེ་འདུན་བཏོན་པ་རེད། ལེ་ཉིན་གྱིས་འཛམ་གླིང་གི་ཆེས་ཐོག་མའི་གཞི་རྒྱ་ཆེ་ཞིང་མང་ཚོགས་ཀྱི་རང་བཞིན་ལྡན་པ། ཆབ་སྲིད་ཀྱི་རང་བཞིན་དང་ལྡན་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ལས་འགུལ་རེད་ཅེས་དབྱིན་ཇིའི་རྩ་འཛིན་ལས་འགུལ་ལ་གདེང་འཇོག་གནང་བ་རེད།