འཇར་མན་བཙན་རྒྱལ།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 10:57ལ་འགྲུབ།

འཇར་མན་བཙན་རྒྱལ།

འཇར་མན་བཙན་རྒྱལ།
འཇར་མན་བཙན་རྒྱལ་དང་བོ་ནི་སྤྱི་ལོ962ནས་སྤྱི་ལོ1806ལོའི་བར་གྱི་མཆོག་གྱུར་རོ་མ་གོང་མའི་རྒྱལ་ཁབ་ལ་གོ་དགོས་པ་དང་། སྤྱི་ལོ1806ལོར་ནཱ་ཕོ་ལུན་སྐུ་ཕྲེང་དང་བོས་བཙན་རྒྱལ་དང་བོ་མགོ་རྟིང་བསློགས། འཇར་མན་བཙན་རྒྱལ་གཉིས་པ་ནི་སྤྱི་ལོ1871ལོ་ནས་སྤྱི་ལོ1918ལོའི་བར་གྱི་འཇར་མན་ལ་གོ་དགོས་པ་དང་། དེ་ནི་ཕུའུ་ལུའུ་ཧྲིའི་རྒྱལ་བོས་དམག་འཁྲུག་ཐེངས་གསུམ་བརྒྱབ་རྗེས་ལེགས་འགྲུབ་བྱུང་སྟེ་བཙུགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德意志帝国
ཕྱི་ཡིག་གི་མིང་།
German Empire
བསྡུས་མིང་།
འཇར་མན།
ཁོངས་གཏོགས་གླིང་ཆེན།
ཡོ་རོབ་གླིང་།
རྒྱལ་ས།
པོ་ལིན།
གྲོང་ཁྱེར་གཙོ་བོ།
ཧན་པའོ། མོ་ནེ་ཧེ། ཁུ་ལུང་། ཧྥ་ལན་ཁུ་ཧྥུའུ་སོགས།
གཞུང་ཕྱོགས་སྐད་རིགས།
འཇར་མན་སྐད།
རྒྱལ་ཁབ་བཙུགས་པའི་ལོ།
སྤྱི་ལོ1871ལོའི་ཟླ1པའི་ཚེས18ཉིན།
རྒྱལ་ཁབ་འཇིག་པའི་ལོ།
སྤྱི་ལོ1918ལོའི་ཟླ11པ།
ཆབ་སྲིད་ལམ་ལུགས།
རྒྱུ་གཉིས་ལམ་ལུགས་ཀྱི་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས།
མི་གྲངས།
64.925.993 (སྤྱི་ལོ1910ལོ)
མི་རིགས་གཙོ་བོ།
འཇར་མན་མི། ཕོ་ལན་མི།
ཆོས་ལུགས་གཙོ་བོ།
ཡེ་ཤུ་ཆོས་ལུགས་གསར་བ། གནམ་བདག་ཆོས་ལུགས།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ540857.54 (སྤྱི་ལོ1910ལོ)
རྒྱལ་ཁབ་ཀྱི་གཙོ་འཛིན།
ཝེ་ལེན་སྐུ་ཕྲེང་དང་པོ། ཝེ་ལེན་སྐུ་ཕྲེང་གཉིས་པ། ཧྥེ་ཐུ་ལེ་སྐུ་ཕྲེང་གསུམ་པ།
1 ངོ་སྤྲོད།

འཇར་མན་བཙན་རྒྱལ་དང་བོ་ནི་སྤྱི་ལོ962ནས་སྤྱི་ལོ1806ལོའི་བར་གྱི་མཆོག་གྱུར་རོ་མ་གོང་མའི་རྒྱལ་ཁབ་ལ་གོ་དགོས་པ་དང་། སྤྱི་ལོ1806ལོར་ནཱ་ཕོ་ལུན་སྐུ་ཕྲེང་དང་བོས་བཙན་རྒྱལ་དང་བོ་མགོ་རྟིང་བསློགས། འཇར་མན་བཙན་རྒྱལ་གཉིས་པ་ནི་སྤྱི་ལོ1871ལོ་ནས་སྤྱི་ལོ1918ལོའི་བར་གྱི་འཇར་མན་ལ་གོ་དགོས་པ་དང་། དེ་ནི་ཕུའུ་ལུའུ་ཧྲིའི་རྒྱལ་བོས་དམག་འཁྲུག་ཐེངས་གསུམ་བརྒྱབ་རྗེས་ལེགས་འགྲུབ་བྱུང་སྟེ་བཙུགས་པ་ཞིག་ཡིན། སྤྱི་ལོ1812ལོར་པེ་སི་མར་ཁུས་ཕུའུ་ལུའུ་ཧྲིའི་གཙོ་འཛིན་གྱི་འགན་བཞེས་པ་དང་། ལྕགས་ཁྲག་སྲིད་ཇུས་ལག་བསྟར་བྱས་ཏེ་འཇར་མན་གཅིག་གྱུར་བྱས་པ་རེད། བཙན་རྒྱལ་གཉིས་པ་དེ་ལོ་ངོ47རིང་ལ་གནས་པ་དང་། འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་རྗེས་སུ་གསར་བརྗེས་མགོ་རྟིང་བསློགས།

བཙན་རྒྱལ་གསུམ་པ་ནི་སྤྱི་ལོ1933ལོ་ནས་སྤྱི་ལོ1945ལོའི་བར་གྱི་ཧྥ་ཤི་སི་འཇར་མན་ལ་གོ་དགོས་པ་དང་། ཞི་ཐུ་ལུས་བཙན་རྒྱལ་གསུམ་པ་ཞེས་པའི་མིང་བཏགས། ཞི་ཐུ་ལུས་སྤྱི་ལོ1939ལོར་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་བསླངས་པ་དང་། སྤྱི་ལོ1945ལོའི་ཟླ5བའི་ཚེས8ཉིན་འཇར་མན་ཕམ་པ་དང་བཙན་རྒྱལ་གསུམ་པའང་འཐོར་ཞིག་ཏུ་སོང་།