མཱ་ཡཱའི་ཤེས་རིགསྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 10:54ལ་འགྲུབ།

མཱ་ཡཱའི་ཤེས་རིག

མཱ་ཡཱའི་ཤེས་རིག
མཱ་ཡཱའི་རིག་གནས་ནི་མེ་གླིང་གི་དབྱིན་ཏི་ཨན་མཱ་ཡཱ་རིགས་ཀྱིས་དེང་གི་མོ་ཞི་ཁོའི་ལྷོ་ཕྱོགས་དང་ཀུའེ་ཐི་མ་ལ། ཧོང་ཏུ་ར་སི་བཅས་ཀྱི་ཁུལ་ནས་གསར་གཏོད་བྱས་པའི་གནའ་བོའི་ཤེས་རིག་ཅིག་ཡིན། མཱ་ཡཱའི་ཤེས་རིག་དེ་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ2500ལ་གྲུབ་ཅིང་། སྤྱི་ལོ་སྔོན་གྱི་ལོ400ཡས་མས་སུ་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་བཙུགས་པ་དང་སྤྱི་ལོའི་མགོ་ལ་འདྲ་གཟུགས་ཡི་གེའང་བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玛雅文明
ཕྱི་ཡིག་གི་མིང་།
Mayan civilization
རིགས་རྒྱུད།
དབྱིན་ཏི་ཨན་མཱ་ཡཱ་མི།
རྒྱལ་ཁབ།
མཱ་ཡཱ།
1 ​ངོ་སྤྲོད།

སྙུང་གཟུགས་བང་སོ་ཞེས་གླེང་མ་ཐག་ང་ཚོའི་ཡིད་ངོར་དེ་མ་ཐག་ཏུ་ཨེ་ཇིབ་འཆར་རུང་། ཨེ་ཇིབ་པ་ལས་གཞན། མེ་གླིང་ལྷོ་མའི་དབྱིན་ཏི་ཨན་གྱི་མཱ་ཡཱ་མིའི་གཏོར་གཟུགས་མཆོད་སྟེགས་དེ་དང་དཔལ་མཉམ་ཡོད། མཱ་ཡཱའི་རིག་གནས་ནི་མེ་གླིང་གི་དབྱིན་ཏི་ཨན་མཱ་ཡཱ་རིགས་ཀྱིས་དེང་གི་མོ་ཞི་ཁོའི་ལྷོ་ཕྱོགས་དང་ཀུའེ་ཐི་མ་ལ། ཧོང་ཏུ་ར་སི་བཅས་ཀྱི་ཁུལ་ནས་གསར་གཏོད་བྱས་པའི་གནའ་བོའི་ཤེས་རིག་ཅིག་ཡིན། མཱ་ཡཱའི་ཤེས་རིག་དེ་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ2500ལ་གྲུབ་ཅིང་། སྤྱི་ལོའི་སྔོན་གྱི་ལོ400ཡས་མས་སུ་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་བཙུགས་པ་དང་སྤྱི་ལོའི་མགོ་ལ་འདྲ་གཟུགས་ཡི་གེའང་བྱུང་ཡོད། སྤྱི་ལོའི་དུས་རབས3པ་ནས་དུས་རབས9བའི་བར་དར་རྒྱས་ཆེན་པོ་བྱུང་། མཱ་ཡཱའི་རིགས་ཞིང་ལས་གཉེར་བར་མཁས་ཏེ། ཁོ་ཚོས་འབྲས་དང་ཀྲོ་མ་གྲུ། སྲན་རིགས་སོགས་འདེབས་པ་ཡིན། གཞན་ཡང་སྐར་རྩིས་རིག་པའི་རྣམ་གཞག་དང་གྲངས་གནས20བརྩི་ཐབས་ཀྱི་སྲོལ་ཕྱེ་ཞིང་གྲངས་གོར་ཐིག་བཀོལ་ཤེས་པར་གྱུར། མཱ་ཡཱའི་མིས་འཛུགས་བསྐྲུན་དང་བརྐོས་རིས། རི་མོ་སོགས་ཀྱི་ཐད་ནས་ཀྱང་གྲུབ་འབྲས་བཟང་པོ་བླངས་ཡོད་དེ་བྷོ་ནན་ཕཱ་ཁུའི་ལྷ་ཁང་ནི་དེའི་སྒྱུ་རྩལ་གྱི་ཚབ་བྱེད་ཡིན་ལ་ལྡེབས་རིས་དག་ནི་འཛམ་གླིང་གི་ངོ་མཚར་བའི་ལྡེབས་རིས་ཀྱི་གྲས་ཤིག་ཡིན། ཁོ་ཚོའི་གཏོར་གཟུགས་མཆོད་སྟེགས་ཀྱི་གཙུག་ན་བརྗིད་ཆགས་ཀྱི་ལྷ་ཁང་བཞེངས་ཡོད། དུས་རབས10བའི་དུས་མཇུག་ནས་མཱ་ཡཱའི་ཤེས་རིག་ཉམས་རྒུད་དུ་སོང་བ་དང་དུས་རབས16པའི་ལོ་རབས20བར་སི་ཕན་མི་སེར་སྤེལ་མཁན་གྱིས་ཡིའུ་ཁ་ཏན་ཕྱེད་གླིང་བཙན་འཛུལ་བྱས་པ་དང་མཱ་ཡཱའི་ཤེས་རིག་ཉམས་དམས་སུ་གྱུར་རོ། །