ལོ་ངོ་བདུན་གྱི་དམག་འཁྲུགསྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 10:43ལ་འགྲུབ།

ལོ་ངོ་བདུན་གྱི་དམག་འཁྲུག

ལོ་ངོ་བདུན་གྱི་དམག་འཁྲུག
ལོ་ངོ་བདུན་གྱི་དམག་འཁྲུག་ནི་སྤྱི་ལོ1756ལོ་ནས་སྤྱི་ལོ1763ལོའི་བར་དུ། དབྱིན་ཇི་དང་ཕུའུ་ལུའུ་ཧྲི། ཧན་ནོ་ཝེ་སོགས་རྒྱལ་ཁབ་དང་ཧྥ་རན་སི། ཨོ་ཏེ་ལེ། ཨུ་རུ་སུ། སཱ་ཁུ་སེན། སི་ཝེ་ཟིར། སི་ཕན་བཅས་ཀྱི་བར་མངའ་ཁོངས་དང་ཕྱི་ཕྱོགས་མི་སེར་སྤེལ་ཡུལ་འཕྲོག་རྩོད་བྱེད་པའི་རྒྱལ་སྤྱིའི་དམག་འཁྲུག་བྱུང་བ་དེ་ལ་ཟེར། ཕྱོགས་གཉིས་ཀྱིས་འཛམ་གླིང་གི་ས་ཁུལ་སོ་སོ་ནས་འཕྲོག་རྩོད་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
七年战争
ཕྱི་ཡིག་གི་མིང་།
Seven Years' War
དུས་ཚོད།
སྤྱི་ལོ(1754/1756-1763)
དམག་འཁྲུག་ནང་ཞུགས་མཁན།
དབྱིན་ཇི་དང་ཕུའུ་ལུའུ་ཧྲི་གཙོ་བོ་ཡིན་པའི་དཔུང་ཚོགས། ཧྥ་རན་སི་དང་ཨོ་ཏེ་ལེ། ཨུ་རུ་སུ་གཙོ་བོ་ཡིན་པའི་དཔུང་ཚོགས།
གཡུལ་སའི་ཁྱབ་ཁོངས།
ཡོ་རོབ་གླིང་། མེ་གླིང་བྱང་མ། རྒྱ་གར། ཧྥེ་ལེ་པུན་སོགས།
མཇུག་འབྲས།
དབྱིན་ཇི་དང་ཕུའུ་ལུའུ་ཧྲི་གཙོ་བོ་ཡིན་པའི་དཔུང་ཚོགས་རྒྱལ་བ།
མགོ་བརྩམས་པའི་མཚོན་རྟགས།
སྤྱི་ལོ1756ལོའི་ཟླ5བའི་ཚེས17ཉིན་ལ་ཕུའུ་ལུའུ་ཧྲིས་གློ་བུར་དུ་སཱ་ཁུ་སེན་ལ་ཕར་རྒོལ་བྱས་པ།
གཡུལ་འགྱེད་གྲགས་ཅན།
ལོའུ་སི་པཱ་ཧུ་གཡུལ་འགྱེད། ལོའུ་དབྱི་ཐུན་གཡུལ་འགྱེད།
ཆིངས་ཡིག་གཙོ་བོ།
ཕ་རི་སིའི་ཞི་ཆིངས། ཧུའུ་པའེ་ཨར་ཐུའུ་སི་པའོ་ཞི་ཆིངས།
1 ངོ་སྤྲོད།

ལོ་ངོ་བདུན་གྱི་དམག་འཁྲུག་ནི་སྤྱི་ལོ1756ལོ་ནས་སྤྱི་ལོ1763ལོའི་བར་དུ། དབྱིན་ཇི་དང་ཕུའུ་ལུའུ་ཧྲི། ཧན་ནོ་ཝེ་སོགས་རྒྱལ་ཁབ་དང་ཧྥ་རན་སི། ཨོ་ཏེ་ལེ། ཨུ་རུ་སུ། སཱ་ཁུ་སེན། སི་ཝེ་ཟིར། སི་ཕན་བཅས་ཀྱི་བར་མངའ་ཁོངས་དང་ཕྱི་ཕྱོགས་མི་སེར་སྤེལ་ཡུལ་འཕྲོག་རྩོད་བྱེད་པའི་རྒྱལ་སྤྱིའི་དམག་འཁྲུག་བྱུང་བ་དེ་ལ་ཟེར། ཕྱོགས་གཉིས་ཀྱིས་འཛམ་གླིང་གི་ས་ཁུལ་སོ་སོ་ནས་འཕྲོག་རྩོད་བྱས། ཡོ་རོབ་གླིང་དུ། སྤྱི་ལོ1756ལོར་ཕུའུ་ལུའུ་ཧྲིས་སཱ་ཁུ་སེན་ལ་ཕར་རྒོལ་བྱས་པ་དང་སཱ་ཁུ་སེན་གྱིས་མགོ་བཏགས་པ་དང་། དེའི་ཕྱི་ལོའི་ཟླ5བར་ཨུ་རུ་སུའི་དམག་དཔུང་གིས་ཕུའུ་ལུའུ་ཧྲི་ཤར་མར་དཔུང་འཇུག་བྱས་པ་དང་ཕུའུ་ལུའུ་ཧྲི་དམག་དཔུང་ཕམ་པར་བརྒྱབ། སྤྱི་ལོ1758ལོར་ཕུའུ་དམག་གིས་གནས་བབ་དང་བསྟུན་ནས་ཨོ་ཧྥ་མཉམ་འབྲེལ་དམག་ཆམ་ལ་ཕབ་པ་དང་། སྤྱི་ལོ1759ལོར་ཨུ་ཨོ་མཉམ་འབྲེལ་དམག་གིས་ཡང་བསྐྱར་ཕུའུ་དམག་ཕམ་པར་བྱས། སྤྱི་ལོ1760ལོར་ཨུ་ཨོ་མཉམ་འབྲེལ་དམག་གིས་པོ་ལིན་བླངས་པ་དང། སྤྱི་ལོ1762ལོར་ཨུ་རུ་སུ་དམག་འཁྲུག་ལས་ཕྱིར་བུད་པ་དང་དམག་འཁྲུག་ལ་འགྱུར་ལྡོག་བྱུང་། སྤྱི་ལོ1763ལོར་ཕུའུ་ལུའུ་ཧྲི་དང་ཨོ་ཏེ་ལེ། སཱ་ཁུ་སེན་བཅས་ཀྱིས་ཆིངས་ཡིག་བཞག་སྟེ་ཡོ་རོབ་གླིང་གི་དམག་འཁྲུག་མཇུག་སྒྲིལ། མེ་གླིང་དུ་སྤྱི་ལོ1759ལོར་དབྱིན་དམག་གིས་ཁའེ་པེ་ཁུ་བཟུང་བ་དང་། ཧིན་རྡུ་རུ་དབྱིན་ཇིས་ཧྭ་རན་སིའི་ཚབ་བྱས། དམག་འཁྲུག་འདིའི་ཁྲོད། ཧྥ་རན་སིའི་མོ་དམག་ཕལ་ཆེར་རྩ་མེད་བཏང་བ་དང་ཕྱི་ཕྱོགས་ཀྱི་མི་སེར་སྤེལ་ཡུལ་འབོར་ཆེན་རྩ་བརླག་ཏུ་ཕྱིན། ལོ་ངོ་བདུན་གྱི་དམག་འཁྲུག་ནི་ཕུའུ་ལུའུ་ཧྲི་དར་བའི་རྩེ་མོར་ཕྱིན་པའི་དཀྱོགས་མཚམས་ཤིག་ཡིན་པ་དང་། དེའང་དབྱིན་ཇིས་མཚོ་ཐོག་གི་བཙན་དབང་དང་མི་སེར་སྤེལ་བའི་བཙན་རྒྱལ་བཙུགས་པའི་མཚོན་རྟགས་ཤིག་ཀྱང་རེད།