མིང་ཀྲི་ཁྲི་ལོའི་གསར་བཅོས།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 10:47ལ་འགྲུབ།

མིང་ཀྲི་ཁྲི་ལོའི་གསར་བཅོས།

མིང་ཀྲི་ཁྲི་ལོའི་གསར་བཅོས།
མིང་ཀྲི་ཁྲི་ལོའི་གསར་བཅོས་ནི་དུས་རབས19བའི་ལོ་རབས60བའི་དུས་མཇུག་ཏུ་ལྗར་པན་ལ་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་བཟོ་ལས་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཏེ་གོང་རིམ་ནས་འོག་རིམ་དུ་སྤེལ་བའི་ལས་འགུལ་ཞིག་དང་། མ་རྩ་རིང་ལུགས་ཀྱི་ངོ་བོ་ལྡན་པའི་ཡོད་ཚད་ནུབ་ཕྱོགས་ཅན་དང་དེང་རབས་ཅན་དུ་བསྒྱུར་བའི་བཅོས་སྒྱུར་ལས་འགུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
明治维新
ཕྱི་ཡིག་གི་མིང་།
めいじいしん
དུས་ཚོད།
སྤྱི་ལོ1868ལོའི་ཟླ1བའི་ཚེས3ཉིན།
ས་ཆ།
ལྗར་པན།
བཅོས་སྒྱུར་གྱི་ངོ་བོ།
ཕྱོགས་ཡོངས་ནས་ནུབ་ཕྱོགས་ཅན་དང་དེང་རབས་ཅན་དུ་བསྒྱུར་བའི་བཅོས་སྒྱུར་ལས་འགུལ།
བཅོས་སྒྱུར་བྱེད་སྟངས།
ཡ་གླིང་ལས་ཕྱིར་བུད་དེ་ཡོ་རོབ་མནའ་འབྲེལ་དུ་ཞུགས་པ།
འཐུས་ཚབ་མི་སྣ།
པན་པུན་ལུང་མཱ། ཏཱ་ཅིའུ་པའོ་ལི་ཐུང་། མུའུ་རིན་ཐན་ཧོང་།
ཚད་བཀག་རང་བཞིན།
བཀས་བཀོད་རྒྱུད་འཛིན་གྱི་ལྷག་རོ་མང་པོ་ཞིག་སོར་བཞག་བྱས་པ།
1 ངོ་སྤྲོད།

དུས་རབས19བའི་དུས་དཀྱིལ་དུ་ལྗར་པན་གྱི་སྒོ་འབྱེད་བྱས་རྗེས། མི་རིགས་ཉམས་ཉེན་གྱི་གནས་ཚུལ་ཚབས་ཆེན་བྱུང་སྟེ་རྒྱལ་ནང་གི་གྲལ་རིམ་འགལ་ཟླ་རྣོ་ངར་དུ་གྱུར། སྤྱི་ལོ1867ལོར་རྒྱལ་སྲས་མུའུ་རིན་ཁྲི་ཁར་བཞུགས་ཤིང་། མུའུ་ཧྥུ་སྲིད་དབང་མགོ་རྟིང་བསློགས་ཏེ། དེའི་ཕྱི་ལོར་ལོ་རྟགས་བསྒྱུར་ཏེ་མིང་ཀྲི་ཞེས་བཏགས། སྤྱི་ལོ1868ལོའི་ཟླ4བའི་ཚེས6ཉིན་ལ། མིང་ཀྲི་གནམ་བསྐོས་གོང་མས་གནས་སྐབས་སུ་སྡོམ་ཁྲིམས་རང་བཞིན་ལྡན་པའི《དམ་ཚིག་ཁག་ལྔ》ཞེས་པ་སྤེལ་བ་དང་། དེ་མིང་ཀྲི་སྲིད་གཞུང་བཅོས་སྒྱུར་གྱི་རྩ་འཛིན་དུ་གྱུར། དེའི་རྗེས་སུ་འབྱོར་ལྡན་གྲལ་རིམ་གྱི་བཅོས་སྒྱུར་རབ་དང་རིམ་པ་ཞིག་ལག་བསྟར་བྱས་ཏེ། སྒེར་གཅོད་རིང་ལུགས་ཀྱི་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས་དངོས་སུ་བཙུགས། དུས་རབས19བའི་ལོ་རབས80བའི་དུས་མཇུག་ཏུ་ཀྲུང་གོ་དང་ཁོ་རི་ཡར་བཙན་འཛུལ་བྱེད་པ་དམིགས་ཡུལ་གཙོ་བོ་བྱས་པའི་སྐམ་ས་ཆེན་པོའི་སྲིད་ཇུས་ཞེས་པ་རྩ་བའི་ཆ་ནས་གྲུབ་ཅིང་། དེ་ནས་བཟུང་ལྗར་པན་དེ་ཉིད་མ་རྩ་རིང་ལུགས་འཕེལ་རྒྱས་ཀྱི་དུས་རིམ་དུ་སླེབས་པ་རེད།