མུའུ་ཧྥུ་ཆབ་སྲིད།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 10:55ལ་འགྲུབ།

མུའུ་ཧྥུ་ཆབ་སྲིད།

མུའུ་ཧྥུ་ཆབ་སྲིད།
མུའུ་ཧྥུ་ཞེས་པའི་མིང་འདི་ནི་ཆེས་ཐོག་མར་ཀྲུང་གོའི་གནའ་རབས་རྒྱ་ཡིག་ཏུ་བྱུང་བ་རེད་ལ། གཙོ་བོ་དམག་ལ་སྐྱོད་སྐབས་དམག་དཔོན་གྱི་སྡོད་གནས་ལ་གོ་དགོས། རྗེས་སུ་དམག་དཔོན་གྱིས་མགོ་ཁྲིད་པའི་ཀྲུང་དབྱང་སྲིད་དབང་ལའང་མུའུ་ཧྥུ་ཞེས་ཟེར། གནའ་རབས་ལྗར་པན་དུ་མུའུ་ཧྥུ་ཆབ་སྲིད་ཀྱི་དུས་སྐབས་ཞེས་པ་ཞིག་བྱུང་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
幕府政治
ཕྱི་ཡིག་གི་མིང་།
ばくふBakufu Politics
1 ​ངོ་སྤྲོད།

མུའུ་ཧྥུ་ཞེས་པའི་མིང་འདི་ནི་ཆེས་ཐོག་མར་ཀྲུང་གོའི་གནའ་རབས་རྒྱ་ཡིག་ཏུ་བྱུང་བ་རེད་ལ། གཙོ་བོ་དམག་ལ་སྐྱོད་སྐབས་དམག་དཔོན་གྱི་སྡོད་གནས་ལ་གོ་དགོས། རྗེས་སུ་དམག་དཔོན་གྱིས་མགོ་ཁྲིད་པའི་ཀྲུང་དབྱང་སྲིད་དབང་ལའང་མུའུ་ཧྥུ་ཞེས་ཟེར། གནའ་རབས་ལྗར་པན་དུ་མུའུ་ཧྥུ་ཆབ་སྲིད་ཀྱི་དུས་སྐབས་ཞེས་པ་ཞིག་བྱུང་མྱོང་། ལོ་རྒྱུས་ཐོག་གི་མུའུ་ཧྥུ་དུས་སྐབས་ལ་གཙོ་བོ་ལན་ཚང་དང་ཧྲི་ཏིང་། ཅང་ཧོ་བཅས་དུས་སྐབས་གསུམ་ཡོད་ལ། སྤྱི་ལོ1192ལོར་ཀོན་ཏུང་དཔའ་རྟུལ་གྱིས་ལན་ཚང་དུ་མུའུ་ཧྥུ་ཞིག་བཙུགས་ཤིང་། དེ་ནི་མུའུ་ཧྥུ་དབང་སྒྱུར་གྱི་མགོ་ཚུགས་ས་ཡིན། སྤྱི་ལོ1232ལོར《ཀྲིན་ཡོན་ཧྲི་མུའུ》ཞེས་པ་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་དཔའ་རྟུལ་སྲིད་དབང་གི་ཡིག་འཁོད་ཁྲིམས་ཡིག་ཐོག་མ་ཡིན་པ་དང་། རིམ་གྱིས་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་ལུགས་སུ་གྱུར། སྤྱི་ལོ1333ལོར་ལན་ཚང་མུའུ་ཧྥུ་རྩ་མེད་དུ་བཏང་། མིང་ཀྲི་གནམ་བསྐོས་གོང་མའི་སྲིད་གཞུང་གིས་སྤྱི་ལོ1868ལོ་ནས་སྤྱི་ལོ1869ལོའི་ས་འབྲུག་དམག་འཁྲུག་བརྒྱུད་དེ། མུའུ་ཧྥུ་སྟོབས་ཤུགས་རྨང་ནས་བཅོམ་ཞིང་། བཀས་བཀོད་རྒྱུད་འཛིན་གྱི་མུའུ་ཧྥུ་ཆབ་སྲིད་མཇུག་བསྒྲིལ་བ་རེད།