ཆུ་འབྲུག་ལོའི་རྒྱལ་སྲུང་དམག་འཁྲུགསྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 11:03ལ་འགྲུབ།

ཆུ་འབྲུག་ལོའི་རྒྱལ་སྲུང་དམག་འཁྲུག

ཆུ་འབྲུག་ལོའི་རྒྱལ་སྲུང་དམག་འཁྲུག
ཆུ་འབྲུག་ལོའི་རྒྱལ་སྲུང་དམག་འཁྲུག་ནི་ལི་ཧྲི་ཁྲའོ་ཞན་དུས་སྐབས་སུ་ཁོ་རེ་ཡའི་དམག་དམངས་ཀྱིས་ལྗར་པན་གྱི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་རྒྱལ་སྲུང་དམག་འཁྲུག་དེར་གོ་དགོས་པ་དང་། ཐེངས་འདིའི་དམག་འཁྲུག་ཏུ་ཁོ་རེ་ཡ་སྲུང་སྐྱོབ་བྱས་པར་མ་ཟད། ལྗར་པན་གྱིས་ཀྲུང་གོར་བཙན་འཛུལ་བྱེད་རྒྱུའི་ཧམ་སེམས་ཀྱི་འཆར་གཞི་ཡང་གཏོར་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
壬辰卫国战争
ས་གནས།
ཁྲའོ་ཞན་ཕྱེད་གླིང་།
དུས་ཚོད།
སྤྱི་ལོ1592ལོའི་ཟླ4བ་ནས་སྤྱི་ལོ1593ལོའི་ཟླ7པ། (ཐེངས་དང་པོ) སྤྱི་ལོ1597ལོའི་ཟླ2པ་ནས་སྤྱི་ལོ1598ལོའི་ཟླ12པ། (ཐེངས་གཉིས་པ)
ཞུགས་མཁན་གཙོ་བོ།
མིང་རྒྱལ་རབས། ལི་ཧྲི་ཁྲའོ་ཞན། ལྗར་པན་ཧྥིན་ཁྲུན་སྲིད་དབང་།
མཇུག་འབྲས།
ཀྲུང་ལྗར་བར་དུ་ཞི་བའི་གྲོས་མོལ་བྱས་པ། (ཐེངས་དང་པོ) ཀྲུང་ཁྲའོ་མཉམ་འབྲེལ་དམག་གིས་རྒྱལ་ཁ་བླངས་པ། ལྗར་པན་ཕྱིར་འཐེན་བྱས་པ། (ཐེངས་གཉིས་པ)
བཀོད་འདོམས་པ་གཙོ་བོ།
ལི་རུའུ་སུང་། མཱ་ཀུའེ། ཁྲིན་ལི་སོགས། ཧྥིན་ཁྲུན་ཞིའུ་ཅི་དང་ཞའོ་ཞི་ཞིན་ཀྲང་། ཧའེ་ཐན་ཁྲང་ཀྲིན་སོགས།
ཤུགས་རྐྱེན་གཙོ་བོ།
ཁྲའོ་ཞན་དང་ལྗར་པན་གྱི་ཕྱི་འབྲེལ་ཆད་པ། ཀོན་ཡོན་གཡུལ་འགྱེད་བསླངས་པ།
1 ​ངོ་སྤྲོད།

ཆུ་འབྲུག་ལོའི་རྒྱལ་སྲུང་དམག་འཁྲུག་ནི་ལི་ཧྲི་ཁྲའོ་ཞན་དུས་སྐབས་སུ་ཁོ་རེ་ཡའི་དམག་དམངས་ཀྱིས་ལྗར་པན་གྱི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་རྒྱལ་སྲུང་དམག་འཁྲུག་དེར་གོ་དགོས་པ་དང་། ཐེངས་འདིའི་དམག་འཁྲུག་ཏུ་ཁོ་རེ་ཡ་སྲུང་སྐྱོབ་བྱས་པར་མ་ཟད། ལྗར་པན་གྱིས་ཀྲུང་གོར་བཙན་འཛུལ་བྱེད་རྒྱུའི་ཧམ་སེམས་ཀྱི་འཆར་གཞི་ཡང་གཏོར་བ་རེད། ཧྥིན་ཁྲུན་ཞིའུ་ཅི་ཡིས་ལྗར་པན་གཅིག་གྱུར་བྱས་རྗེས་བཙན་འཛུལ་གྱི་མདུང་རྩེ་ཁོ་རེ་ཡ་དང་ཀྲུང་གོའི་ཐོག་ཏུ་གཏད་བྱུང་ལ། སྤྱི་ལོ1592ལོར་ཧྥིན་ཁྲུན་ཞིའུ་ཡིས་དམག་དཔུང་འབུམ་གཉིས་ལྷག་ཧྥུའུ་ཧྲན་དུ་བཏང་ནས། ཧན་ཁྲིན་དང་ཁའེ་ཁྲིན། ཕིན་རང་བཅས་ས་ཁུལ་གསུམ་བཙན་བཟུང་བྱས། ལོ་དེའི་ཟླ12པར། མིང་རྒྱལ་རབས་ཀྱིས་དམག་དཔུང་ཁྲི4ལྷག་མངགས་ཏེ་ཁོ་རེ་ཡར་འབྱོར་བ་དང་། ཀྲུང་ཁྲའོ་མཉམ་འབྲེལ་དམག་གིས་ཕར་རྒོལ་བྱས་པར་བརྟེན་ནས་ཕིན་རང་དང་ཁའེ་ཁྲིན། ཧན་ཁྲིན་བཅས་ཕྱིར་བླངས། སྤྱི་ལོ1597ལོའི་ལོ་མགོར་ལྗར་པན་གྱིས་ཡང་བསྐྱར་ཁོ་རེ་ཡར་དམག་བཏང་སྟེ་བཙན་འཛུལ་བྱས་པ་དང་། ཁོ་རེ་ཡའི་མཚོ་དམག་གིས་འགོག་རྒོལ་བྱས་པར་རྒྱལ་ཁ་ཐོབ། སྤྱི་ལོ1598ལོའི་ཟླ7པར། ཡང་ཀོ་སོགས་ཀྱིས་མིང་རྒྱལ་རབས་ཀྱི་དམག་དཔུང་ཁྲིད་དེ་ཁོ་རེ་ཡར་འབྱོར་ཞིང་། གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་སྟེ་ལྗར་དམག་ཕྱིར་འཐེན་བྱས། དེ་ནས་ཅུང་མ་འགོར་བར། ཧྥིན་ཁྲུན་ཞིའུ་ཅི་སྐུ་གཤེགས་པས། སྤྱི་ལོ1598ལོའི་ཟླ11པའི་ཚེས18ཉིན། ཀྲུང་ཁྲའོ་ཆུ་དམག་གིས་ལྗར་དམག་ཕམ་པར་བྱས་ནའང་། དེས་ཁོ་རེ་ཡར་གྱོང་གུད་ཚབས་ཆེན་བཟོས་པར་མ་ཟད། མིང་རྒྱལ་རབས་ཀྱི་རྒྱལ་ཤུགས་ལ་ཡང་ཟད་གྲོན་ཆེན་པོ་ཐེབས།