གསུམ་གཅིག་ལས་འགུལ།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-11 11:00ལ་འགྲུབ།

གསུམ་གཅིག་ལས་འགུལ།

གསུམ་གཅིག་ལས་འགུལ།
གསུམ་གཅིག་ལས་འགུལ་ནི་ཁོ་རེ་ཡ་མི་དམངས་ཀྱིས་ལྗར་པན་མི་སེར་སྤེལ་བའི་དབང་སྒྱུར་ལ་ངོ་རྒོལ་བྱས་ཏེ་མི་རིགས་རང་བཙན་བརྩོན་ལེན་བྱས་པའི་རྒྱལ་གཅེས་ལས་འགུལ་ཞིག་ཡིན། ལས་འགུལ་དེ་སྤྱི་ལོ1919ལོའི་ཟླ3པའི་ཚེས1ཉིན་ལངས་པས་གསུམ་གཅིག་ལས་འགུལ་ཞེས་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三一运动
ཕྱི་ཡིག་གི་མིང་།
삼일운동
ས་གནས།
ཁྲའོ་ཞན་རྒྱལ་ནང་།
དུས་ཚོད།
སྤྱི་ལོ1919ལོའི་ཟླ3པའི་ཚེས1ཉིན།
ཞུགས་མཁན་གཙོ་བོ།
སློབ་མ་དང་བཟོ་ཞིང་མང་ཚོགས། གྲོང་མི་སོགས།
མཇུག་འབྲས།
རྒྱལ་ཁ་བླངས་པ།
རྒྱུད་མཐུད་དུས་ཡུན།
ཟླ་བ་གསུམ།
1 ​ངོ་སྤྲོད།

གསུམ་གཅིག་ལས་འགུལ་ནི་ཁོ་རེ་ཡ་མི་དམངས་ཀྱིས་ལྗར་པན་མི་སེར་སྤེལ་བའི་དབང་སྒྱུར་ལ་ངོ་རྒོལ་བྱས་ཏེ་མི་རིགས་རང་བཙན་བརྩོན་ལེན་བྱས་པའི་རྒྱལ་གཅེས་ལས་འགུལ་ཞིག་ཡིན། ལས་འགུལ་དེ་སྤྱི་ལོ1919ལོའི་ཟླ3པའི་ཚེས1ཉིན་ལངས་པས་གསུམ་གཅིག་ལས་འགུལ་ཞེས་ཟེར་བ་དང་། ལས་འགུལ་ལ་ཞུགས་མཁན་གཙོ་བོ་ནི་སློབ་མ་དང་བཟོ་ཞིང་མང་ཚོགས། གྲོང་མི་སོགས་ཧ་ལམ་མི་འབུམ3ལྷག་ཡོད། ལས་འགུལ་དེ་ཟླ6པའི་ཟླ་མཇུག་བར་རྒྱུན་བསྐྱངས་ཀྱང་མཐར་ལྗར་པན་གྱིས་བཙན་གནོན་བྱས། རྒྱལ་ཡོངས་ཀྱི་མི་ཁྲི200ལྷག་གིས་རྔམ་སྟོན་དང་བཙན་རྒོལ་བྱས་ཤིང་། ཕྱི་སྡོད་རྒྱལ་དམངས་དག་གིས་ཀྱང་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་། ལས་འགུལ་འདི་ལ་འཛམ་གླིང་གི་རྒྱལ་ཁབ་མང་བོའི་མི་དམངས་ཀྱི་རོགས་སྐྱོབ་ཐོབ། ཁོ་རེ་ཡས་ཟླ3པའི་ཚེས1ཉིན་དེ་རྒྱལ་ཁབ་ཀྱི་ཁྲིམས་སུ་གཏན་འཁེལ་བའི་རྗེས་དྲན་ཉིན་མོ་སྟེ། གསུམ་གཅིག་དུས་ཆེན་དུ་གཏན་ལ་འཁེལ་ཡོད།