མཆོད་ཁ།སྔ་མའི་པར་གཞི་དེ རྡོ་རྐོ་དངོས་གྲུབ་ཕུན་ཚོཊ།  ནས 2017-07-05 11:46ལ་འགྲུབ།

མཆོད་ཁ།

ཆོས་ཀྱི་འགོ་མ་སྐྱབས་འགྲོ་དང་ཟས་ཀྱི་འགོ་མ་མཆོད་ཁ་ཞེས་པ་ལྟར། རང་གི་སྐྱབས་གནས་སུ་གྱུར་བའི་བླ་མ་དམ་པ་དང་འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་བགེགས་བར་ཆད་སེལ་བའི་ལྷ་ཐམས་ཅད་གྲོགས་སུ་འཛིན་པ་དེར་མཆོད་པ་འབུལ་བ་ཟེར།
1 འཕེན་སྟངས།

གཉེན་ཚང་ལ་ཐོན་གྲབས་ཡོད་པའི་སྐབས་སུ་བོད་ལྭ་གྱོན་པའི་སྟག་ཤར་ཟུང་གིས་དཀར་ཡོལ་འབྲུག་མའི་ཁ་ལ་མར་རྒྱན་བཏང་ནས། ཆང་དམ་སྐེ་ལ་བལ་འདབ་འཐེན་ནས་དྲི་སྐོལ་འཛིན་པ་སྟེ། ཨ་ཞང་ཚང་གིས་འགྲུལ་འགོ་ལ་འཚམས་འདྲི་དང་བཅས་ཐོག་མར་དྲངས་མཐར། དེས་སྲིན་མཛུབ་ཀྱིས་མཆོད་པ་འཕེན་ཞོར་མཆོད་ཁ་བརྩི་བ་རེད། 

2 དབྱེ་བ།

ཡིད་ཀྱི་མཆོད་པ།

ངག་གི་མཆོད་པ།

ལུས་ཀྱི་མཆོད་པ།

3 དགོས་པ།

བོད་རིགས་ནི་དད་འདུན་ཆེ་བའི་མི་རིགས་ཤིག་ཡིན། ཆོས་ཀྱི་ཆོ་ག་དང་ཕྱག་ལེན་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱིན་འདུག  ནང་བསྟན་ཆོས་ལུགས་ནི་བོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་དུ་གོ་གནས་གལ་ཆེན་བཟུང་ཁར། བོད་ཀྱི་ཁྱིམ་ཚང་མང་ཤས་སུ་མཆོད་ཁང་རེ་ཡོད་ལ། མཆོད་ཁང་ནང་དུ་རྒྱུན་ཆད་མེད་པར་མཆོད་པ་འབུལ་སྲོལ་འདུག མེ་ཏོག་དང་མཆོད་མེ། དོང་ངོར་བདུན་ཚར་གཅིག་གི་ནང་གཙང་ཆབ་ཀྱིས་མཆོད་བཤམས་བྱེད་པ་རེད། ཇ་འཐུང་དུས་དང་ཆང་དམ་བེ་ཁ་འབྱེད་དུས་ཐོག་མར་མཆོད་ཁ་འཕེན་སྲོལ་འདུག  མཆོད་ཁའང་ངག་གི་མཆོད་པའི་ཁོངས་སུ་འདུས་ལ། དེ་འཕེན་པའི་དགོས་པ་ནི་སྡིག་པ་བཤགས་པ་དང་དགེ་བའི་ཚོགས་བསགས་པའི་ནུས་པ་ལྡན་ནོ།།


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། གཉེན་སྲོལ། མཆོད་ཁ།