སྐྱེ་མེད་འདྲེས་འགྱུར་རྫས།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-03-20 17:52ལ་འགྲུབ།

སྐྱེ་མེད་འདྲེས་འགྱུར་རྫས།

སྐྱེ་མེད་འདྲེས་འགྱུར་རྫས།
ཐཱན་གཞི་རྒྱུ་མི་འདྲེས་པའི་འདྲེས་འགྱུར་རྫས། ཆུ་དང་། ཟི་སྐྱུར། དབྱང་ཟངས་རྫས། ཆིང་དབྱང་ནཱ་རྫས་བཅས་ལྟ་བུའི་འདྲེས་འགྱུར་རྫས་ནི་གྲུབ་ཆའི་ཐད་ནས་བལྟས་ན་དེ་དག་ལ་ཐཱན་གཞི་རྒྱུ་མི་འདུས། རྫས་འགྱུར་སྟེང་དུ་དེ་དག་ལ་སྐྱེ་མེད་འདྲེས་འགྱུར་རྫས་ཟེར་བ་དང་། བསྡུས་མིང་ལ་སྐྱེ་མེད་རྫས་ཟེར། ཡིན་ཡང་དབྱང་གཅིག་ཐཱན་རྫས་དང་དབྱང་གཉིས་ཐཱན་རྫས། ཐཱན་སྐྱུར་ཀལ་སོགས་འདྲེས་འགྱུར་རྫས་ཉུང་ཤས་ལ་ཐཱན་གཞི་རྒྱུ་འདུས་ཡོད་ནའང་དེ་དག་གི་གྲུབ་ཆ་དང་ངོ་བོ་ནི་སྐྱེ་མེད་རྫས་དང་མཚུངས་པས་དེ་དག་ཀྱང་སྐྱེ་མེད་འདྲེས་འགྱུར་རྫས་ཀྱི་གྲས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
无机化合物
ཕྱི་ཡིག་གི་མིང་།
inorganic compound
དབྱང་འགྱུར་རྫས།
གཞི་རྒྱུ་རིགས་གཉིས་ལས་གྲུབ་པ།
རིགས་དབྱེ།
དབྱང་འགྱུར་རྫས། སྐྱུར་དང་བུལ། ཚྭ།
1 ངོ་སྤྲོད།

ཐཱན་གཞི་རྒྱུ་མི་འདྲེས་པའི་འདྲེས་འགྱུར་རྫས། ཆུ་དང་ཟི་སྐྱུར། དབྱང་ཟངས་རྫས། ཆིང་དབྱང་ནཱ་རྫས་བཅས་ལྟ་བུའི་འདྲེས་འགྱུར་རྫས་ནི་གྲུབ་ཆའི་ཐད་ནས་བལྟས་ན་དེ་དག་ལ་ཐཱན་གཞི་རྒྱུ་མི་འདུས། རྫས་འགྱུར་སྟེང་དུ་དེ་དག་ལ་སྐྱེ་མེད་འདྲེས་འགྱུར་རྫས་ཟེར་བ་དང་། བསྡུས་མིང་ལ་སྐྱེ་མེད་རྫས་ཟེར། ཡིན་ཡང་དབྱང་གཅིག་ཐཱན་རྫས་དང་དབྱང་གཉིས་ཐཱན་རྫས། ཐཱན་སྐྱུར་ཀལ་སོགས་འདྲེས་འགྱུར་རྫས་ཉུང་ཤས་ལ་ཐཱན་གཞི་རྒྱུ་འདུས་ཡོད་ནའང་དེ་དག་གི་གྲུབ་ཆ་དང་ངོ་བོ་ནི་སྐྱེ་མེད་རྫས་དང་མཚུངས་པས་དེ་དག་ཀྱང་སྐྱེ་མེད་འདྲེས་འགྱུར་རྫས་ཀྱི་གྲས་སུ་གཏོགས།

2 རིགས་དབྱེ།

སྐྱེ་མེད་འདྲེས་འགྱུར་ལ་གཙོ་བོ་དབྱང་འགྱུར་རྫས་དང་སྐྱུར། བུལ། ཚྭ་སོགས་རིགས་འགའ་འདུས་ཡོད། དབྱང་གཉིས་མཱན་རྫསMnO2དང་། དབྱང་གཉིས་ཐཱན་རྫསCO2 དབྱང་ཟངས་རྫསCuO དབྱང་གཉིས་མུ་ཟི་རྫསSO2 དབྱང་ལྔ་ལིན་གཉིས་རྫསP2O5  ཆུH2Oསོགས་ཚང་མ་གཞི་རྒྱུ་རིགས་གཉིས་ཀྱིས་གྲུབ་པ་དང་། དེའི་ནང་གི་རིགས་གཅིག་ནི་དབྱང་གཞི་རྒྱུ་ཡིན། འདྲེས་འགྱུར་རྫས་རིགས་འདི་ལ་དབྱང་འགྱུར་རྫས་ཟེར།

ཚྭ་སྐྱུརHCIདང་། ཟེ་སྐྱུརHNO3  ཟི་སྐྱུརH2SO4སོགས་ཚང་མ་སྐྱུར་རིགས་སུ་གཏོགས། སྐྱུར་གྱི་ཆུའི་ཞུ་ཁུ་ལ་སྐྱུར་གཤིས་ཡོད། ཆུའི་ཞུ་ཁུའི་ནང་དུ་སྐྱུར་ལ་གློག་འབྱེད་བྱས་ཏེ། གང་འདོད་དུ་འགུལ་སྐྱོད་བྱེད་པའི་ཕོ་གྱེས་རྡུལ་ཆིང་གྱེས་རྡུལH+དང་སྐྱུར་རྩད་གྱེས་རྡུལ་མོ་གྱེས་རྡུལ་འགྲུབ་ཐུབ། རྫས་འགྱུར་ཁྱབ་ཁོངས་ནང་དུ། ཆུའི་ཞུ་ཁུའི་ནང་དུ་གློག་གྱེས་བྱས་པའི་ཕོ་གྱེས་རྡུལ་ཚང་མ་ཆིང་གྱེས་རྡུལ་གྱི་འདྲེས་འགྱུར་རྫས་ཡིན་ལ་དེར་སྐྱུར་ཟེར།