མེ་གསོད་ཆས།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-03-21 15:40ལ་འགྲུབ།

མེ་གསོད་ཆས།

མེ་གསོད་ཆས།
མེ་གསོད་ཆས་ནི་དངོས་ལུགས་སམ་རྫས་འགྱུར་གྱི་རྩ་བའི་རིགས་པ་སྤྱད་ནས་མེ་གསོད་པའི་སྒྲིག་ཆས་ཤིག་ཡིན་ལ། ཁྱེར་ན་སྟབས་བདེ་ཡིན་པའི་ཚན་རིག་དང་མཐུན་པའི་མེ་གསོད་ལག་ཆ་བཟང་བོ་ཞིག་ཀྱང་ཡིན། མི་མཐུན་པའི་མེ་གསོད་སྒྲིག་ཆས་རེ་རེ་ཁྲོད་བཞག་ཡོད་པའི་དངོས་རྫས་ཡང་གཅིག་མཐུན་མིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
灭火器
ཕྱི་ཡིག་གི་མིང་།
Fire extinguisher
1 ​ངོ་སྤྲོད།

མེ་གསོད་ཆས་ནི་དངོས་ལུགས་སམ་རྫས་འགྱུར་གྱི་རྩ་བའི་རིགས་པ་སྤྱད་ནས་མེ་གསོད་པའི་སྒྲིག་ཆས་ཤིག་ཡིན་ལ། ཁྱེར་ན་སྟབས་བདེ་ཡིན་པའི་ཚན་རིག་དང་མཐུན་པའི་མེ་གསོད་ལག་ཆ་བཟང་བོ་ཞིག་ཀྱང་ཡིན། མི་མཐུན་པའི་མེ་གསོད་སྒྲིག་ཆས་རེ་རེ་ཁྲོད་བཞག་ཡོད་པའི་དངོས་རྫས་ཡང་གཅིག་མཐུན་མིན། དེ་ནི་མི་མཐུན་པའི་མེ་སྐྱོན་འགོག་བྱེད་ཀྱི་མེ་གསོད་ལག་ཆ་ཡིན་པས་སོ།། མེ་སྐྱོན་འགོག་དུས་ངེས་པར་མེ་སྐྱོན་གྱི་འབྱུང་རྐྱེན་གཙོ་བོར་དམིགས་ནས་དེར་མཐུན་གྱི་མེ་གསོད་ཐབས་ཤེས་བཀོལ་དགོས། དཔེར་ན། ཇ་ཁང་ནང་ནས་ཟས་སྣུམ་དེ་མེ་འབར་ཚེ་ཆུས་མེ་གསོད་མི་རུང་བར་ངེས་པར་དུ་མཁའ་རླུང་དང་མི་འབྲེལ་བར་བཀག་བཅད་བྱེད་དགོས།

2 རིགས་དབྱེ།

རྒྱུན་དུ་སྤྱོད་པའི་མེ་གསོད་ཆས་ལ་ལྦུ་བའི་མེ་གསོད་ཆས་དང་། སྐམ་ཕྱེའི་མེ་གསོད་ཆས། གཤེར་རྣམ་དབྱང་གཉིས་ཐཱན་རྫས་མེ་གསོད་ཆས་སོགས་རིགས་འགའ་ཡོད།

2_1 ལྦུ་བའི་མེ་གསོད་ཆས།

ལྦུ་བའི་མེ་གསོད་ཆས་ཀྱི་ནང་དུ་ཟི་སྐྱུར་ཧངA12〔SO43དང་ཐཱན་སྐྱུར་ཆིང་ནཱNaHCO3བཅས་ཞུ་ཁུ་རིགས་གཉིས་དང་ལྦུ་བ་འབྱུང་ཆས་བླུགས་ཡོད། ཐོག་མར་དེ་དག་སོ་སོ་སྣོད་རེ་རེའི་ནང་དུ་བླུགས་ནས་མེ་དགྲ་དང་འཕྲད་སྐབས་མེ་གསོད་ཆས་ཀྱི་ཁ་ཐུར་དུ་བསྐོར་ན་ཞུ་ཁུ་རིགས་གཉིས་མྱུར་དུ་འཕྲད་ནས་དབྱང་གཉིས་ཐཱན་རྫས་དང་ལྦུ་བ་མང་པོ་བྱུང་སྟེ་འཕྱུར་ཁ་ལས་ཕྱིར་འཕྱུར་ངེས་ཡིན། མེ་གསོད་ཆས་རིགས་འདི་ཤིང་ཆ་དང་སྲིང་རས་འབར་སྐབས་མེ་གསོད་པར་བཀོལ་བ་ཡིན།

.png

.jpg

2_2 སྐམ་ཕྱེའི་མེ་གསོད་ཆས།

.jpg



སྐམ་ཕྱེའི་མེ་གསོད་ཆས་ནང་དུ་གནོན་བཙིར་བྱས་པའི་དབྱང་གཉིས་ཐཱན་རྫས་དང་སྐམ་ཕྱེའི་ཐཱན་སྐྱུར་ཆིང་ནཱNaHCO3སོགས་དངོས་རྫས་བླུགས་ཡོད། དེར་བཞུར་གཤིས་ལེགས་པ་དང་འཕྱུར་ཕྱོད་ཆེ་བ། སྣོད་མི་རུལ་བ། རྒྱུ་མི་འགྱུར་བ་སོགས་ཀྱི་ལེགས་ཆ་ཡོད། སྐམ་ཕྱེའི་མེ་གསོད་ཆས་ཀྱིས་སྤྱིར་བཏང་གི་མེ་དགྲ་གསོད་ཐུབ་ལ། ད་དུང་འབར་རུང་རང་བཞིན་གྱི་སྣུམ་དང་རླུང་། གློག་ཆས་ཀྱི་མེ་སྐྱོན་གསོད་ཐུབ།

2_3 གཤེར་རྣམ་དབྱང་གཉིས་ཐཱན་རྫས་ཀྱི་མེ་གསོད་ཆས།

གཤེར་རྣམ་དབྱང་གཉིས་ཐཱན་རྫས་ཀྱི་མེ་གསོད་ཆས་ནི་གནོན་བསྣན་གནས་ཚུལ་འོག་ཏུ། གཤེར་རྣམ་དབྱང་གཉིས་ཐཱན་རྫས་ལྕགས་སྣོད་ཆུང་ཆུང་ནང་དུ་བླུགས་ནས་བཟོས་པ་ཡིན། དེ་ཤུལ་མེད་པས་དངོས་གཟུགས་མི་བརླག་པ་ཡིན། དེ་བས་འདི་བཀོལ་ནས་དཔེ་ཆ་དང་ཡིག་ཚགས། ཞིབ་ལས་དཔྱད་ཆས། སྒྲིག་ཆས་རྩ་ཆེན་སོགས་མེར་ཤོར་བ་གསོད་པར་འཚམ།  

མེ་གསོད་ཆས་གང་ཡིན་རུང་། མེ་གསོད་པའི་རྩ་བའི་རིགས་པ་ནི་འབར་བའི་ཆ་རྐྱེན་མེད་པར་གཏོང་བ་དེ་ཡིན། དེ་ནི་འབར་རུང་དངོས་པོ་དང་མཁའ་རླུང་གི་བར་གཅོད་པ་དང་། ཡང་ན་འབར་རུང་དངོས་པོའི་དྲོད་ཚད་འབར་ཚེག་མན་དུ་འབབ་པར་བྱེད་པ་དེ་ཡིན།