གནམ་གྲུ་འབབ་ཐང་དང་གྲུ་ཁ། མེ་འཁོར་ས་ཚིགས། རྒྱང་སྐྱོད་རླངས་འཁོར་ས་ཚིགས་བཅས་སུ་རྒྱུན་པར་འབར་སླ་བ་དང་འགད་སླ་བའི་དངོས་པོ་ཁྱེར་མི་ཆོག་ཞེས་པའི་ཉེན་བརྡའི་ཡི་གེ་སྦྱར་ཡོད། དངོས་རྫས་གང་དག་ནི་འབར་སླ་བ་དང་འགད་སླ་བའི་དངོས་པོ་ཡིན་པ་ཤེས་པར་བྱ་རྒྱུ་ནི། མི་དམངས་ཀྱི་རྒྱུ་ནོར་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱེད་པར་མཚོན་ན་ཆེས་གལ་ཆེན་ཞིག་ཡིན། སྤྱིར་བཤད་ན། འབར་སླ་བའི་དངོས་པོ་ཞེས་པ་ནི་འབར་སླ་བའི་རླུང་གཟུགས་དང་གཤེར་གཟུགས། འབར་སླའམ་རབ་འབར་བྱེད་པ། ཆུ་དང་འཕྲད་ན་འབར་བར་བྱེད་བའི་སྲ་གཟུགས། དེ་མིན་དངོས་པོ་གཞན་དག་འབར་བར་བྱེད་པའི་དངོས་པོ་བཅས་ལ་སྟོན་པ་ཡིན། འགད་སླ་བ་ཞེས་པ་ནི་ཚ་བ་ཐེབས་པ་དང་རྡེབ་རྡེག་ཐེབས་ཚེ་འགད་སླ་བའི་དངོས་པོར་སྟོན་པ་ཡིན་ལ། འབར་གས་བྱུང་ཚེ་མི་ལུས་ཤི་རྨས་དང་རྒྱུ་ནོར་གྱོང་གུད་སོགས་ཀྱི་དོན་རྐྱེན་བཟོ་བའི་རྫས་འགྱུར་དངོས་པོའི་སྤྱི་མིང་། རྒྱུན་མཐོང་དུ་རིགས2200ལྷག་ཡོད།
བཟོ་གྲྭ་དང་དངོས་བཤེར་ཁང་དུ་འབར་རུང་རླུང་གཟུགས་ནི་གཙོ་བོ་ཆིང་རླུང་དང་། དབྱང་གཅིག་ཐཱན་རྫས། ཝོན་ཀ་པ། ཝོན་ག་པ་སོགས་ཡིན། མཁའ་རླུང་ནང་དུ་རླུང་གཟུགས་འདི་དག་གི་སྟུག་ཚད་འགད་པའི་ཚད་ལ་ཐོན་ཚེ། མེ་དང་འཕྲད་ན་འགད་སྲིད། འབར་སླ་བའི་གཤེར་གཟུགས་ནི་གཙོ་བོ་ཕྲུན་ཀ་པ་དང་། ཆུ་མེད་ཕྲུན་ཁ་པ། པུན། པུན་ཀ་པ། ཀ་གཉིས་པུན། ཟར་ཁ་བ། ཐོན་ག་པ། ཆོན་ཁ་པ། ཀ་སྐྱུར་ཁ་ཐེན། ཟི་གཉིས་ཐཱན་རྫས། ཕྲུན་ཅ་པ། ཕྲུན་ག་པ་སོགས་ཡིན། གཤེར་གཟུགས་འདི་དག་གི་སྐྱེ་ལྡན་རྫས་འབར་སླ་བ་མ་ཟད། དེ་དག་གི་རླངས་པ་དང་མཁའ་རླུང་གིས་འགད་པའི་རང་བཞིན་གྱི་མཉམ་བསྲེས་རྫས་འགྲུབ་ཐུབ།
འབར་སླ་བའི་སྲ་གཟུགས་ནི་ལིན་དམར་དང་ལིན་དཀར། མུ་ཟི། ཚི་སྣ་རྒྱུ་ཟེ་གསུམ་སྐྱུར་ཐེན་སོགས་ཡིན། ནཱ་དང་ཅཱ། ཀལ་སོགས་ལྕགས་ཕྱེ་ཆུ་དང་འཕྲད་པ། ཡང་ན་སྐྱུར་དང་འཕྲད་ནའང་ཚ་བ་ཕྱིར་བཏང་ནས། དྲག་ཏུ་འབར་བའམ་འགད་པ་ཡིན། ཏི་ཚའི་ཕྱེ་མ་ཡང་མཁའ་རླུང་དང་འདྲེས་ཤིང་གར་ཚད་ངེས་ཅན་ཞིག་ཏུ་སླེབས་ན་འགད་སྲིད། ཟེ་རྨང་གསུམ་པུན་ཧྥུན་ལ་དྲི་ངན་སྐྱུར་ཞེས་ཀྱང་ཟེར་ལ། དུག་ཡོད་པའི་ཤེལ་གཟུགས་སེར་པོ་ཞིག་ཡིན། དེ་མེ་སྟག་གམ་དྲོད་མཐོ་ལ་འཕྲད་པའམ་རྡེབ་རྡེག་ཁེལ་ཚེ། དྲག་ཏུ་འབར་བའམ་འགད་པ་ཡིན།
དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་རྒྱུན་དུ་མཐོང་བའི་འབར་སླ་བ་དང་འགད་སླ་བའི་རླུང་གཟུགས་ནི། ཆིང་དང་དབྱང་གཅིག་ཐཱན་རྫས། ཝོན་ཀ་པ། ཝོན་ག་པ། སིན་ཁ་པ་བཅས་ཡིན། གཤེར་གཟུགས་ནི། རླངས་སྣུམ་དང་པུན། ཟར་ཁ་པ། ཕྲུན་ཀ་པ། ཕྲུན་ཁ་པ་བཅས་ཡིན།