ལྕགས་རིགས་དབྱང་འགྱུར་རྫས་ནི་དབྱང་གཞི་རྒྱུ་དང་ལྕགས་རིགས་གཞི་རྒྱུའི་དངོས་པོ་གཉིས་འགྱུར་འབྱུང་བྱུང་ནས་ཐོན་པའི་རྒྱུ་གཉིས་འདྲེས་འགྱུར་རྫས་ལ་ཟེར། དཔེར་ན། དབྱང་གསུམ་ལྕགས་གཉིས་རྫས Fe2O3 དབྱང་ནཱ་རྫསNa2Oསོགས།
དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ལྕགས་རིགས་དབྱང་འགྱུར་རྫས་བཀོལ་ས་ཤིན་ཏུ་མང་། རྡོ་ཐལ་རྒོད་ནི་དུས་རྒྱུན་དུ་བཀོལ་བའི་སྐེམ་བྱེད་རྫས་ཤིག་ཡིན་ལ། དུག་སེལ་བར་སྤྱད་ཀྱང་ཆོག དབྱང་གསུམ་ལྕགས་གཉིས་རྫས་ལ་ཕལ་སྐད་དུ་ལྕགས་དམར་ཟེར། དེ་ཚོས་དམར་པོ་རུ་བཀོལ་ཆོག བཟོ་ལས་ཀྱི་གོ་རིམ་ཁ་ཤས་ཁྲོད་བཀོལ་བའི་འགྱུར་སྐུལ་བྱེད་རྫས་ཀྱང་ལྕགས་རིགས་དབྱང་འགྱུར་རྫས་ཡིན། ལྕགས་རིགས་དབྱང་འགྱུར་རྫས་ལྕགས་རིགས་གཞི་རྒྱུ་དང་དབྱང་གཞི་རྒྱུ་འབྲེལ་ནས་གྲུབ་པའི་འདྲེས་འགྱུར་རྫས་ཡིན། ལྕགས་རིགས་དབྱང་འགྱུར་རྫས་ལ་རིགས་ཧ་ཅང་མང་། AuདངPtསོགས་གྲུང་གཤིས་ཧ་ཅང་ཞན་པའི་ལྕགས་རིགས་ཉུང་ཤས་ལས་གཞན། ལྕགས་རིགས་གཞན་ཚང་མར་དེར་འཚམ་གྱི་ལྕགས་རིགས་དབྱང་འགྱུར་རྫས་ཡོད།
འགྱུར་བྲིན་ལྕགས་རིགས་ལ་སྤྱིར་དབྱང་འགྱུར་རྫས་རིགས་མང་ཙམ་ཡོད། དཔེར་ན་ལྕགས་གཞི་རྒྱུ་ལ་དབྱང་ལྕགས་འབྲིང་རྫས་དང་། དབྱང་གསུམ་ལྕགས་གཉིས་རྫས། དབྱང་བཞི་ལྕགས་གསུམ་རྫས་བཅས་དབྱང་འགྱུར་རྫས་རིགས3ཡོད། ལྕགས་རིགས་དབྱང་འགྱུར་རྫས་ཚང་མ་སྲ་གཟུགས་ཡིན།
ལྕགས་རིགས་གྲུང་པོའི་དབྱང་འགྱུར་རྫས་ཆུའི་ནང་དུ་ཞུ་ནས་བུལ་ཐོན་ཐུབ། དཔེར་ན། Na2O+H2O=2NaOH
གྲུང་གཤིས་ཅུང་ཞན་པའི་ལྕགས་རིགས་དབྱང་འགྱུར་རྫས་ནི་ཆུའི་ནང་དུ་མི་ཞུ་མོད། འོན་ཀྱང་མང་ཆེ་བ་སྐྱུར་ནང་དུ་ཞུ་ཐུབ།
CUO+H2SO4=CUSO4+H2O
ལྕགས་རིགས་ཁ་ཤས་ཀྱི་དབྱང་འགྱུར་རྫས་ནི་གཏེར་ནང་ནས་བྱུང་བ་ཡིན། དཔེར་ན། དབྱང་གསུམ་ལྕགས་གཉིས་རྫས་ནི་ལྕགས་གཏེར་དམར་པོའི་གྲུབ་ཆ་གཙོ་བོ་ཡིན། ས་དཀོན་ལྕགས་རིགས་ཀྱི་གཏེར་རྫས་གྲུབ་ཆ་ནི་གཙོ་བོ་དེ་དག་གི་དབྱང་འགྱུར་རྫས་ཡིན། གཞན་ཡང་དབྱང་འགྱུར་རྫས་ཁ་ཤས་ནི་དབྱེ་འབྱེད་འགྱུར་འབྱུང་ལས་བཟོས་པ་ཡིན། དཔེར་ན་ཀལ་གྱི་དབྱང་འགྱུར་རྫས་རྡོ་ཐལ་རྒོདCaOབཟོ་ཐབས་སྟེ།
CaCO3=མཐོ་དྲོད CaO+CO2↑