དུས་ཚོད་ཐུང་ངུའི་ནང་ནུས་ཚད་འབོར་ཆེན་ཕྱིར་གཏོང་བ་དང་ཚ་ཚད་ཇེ་མཐོར་འགྲོ་བ། དེ་མིན་རླུང་གཟུགས་མང་པོ་ཕྱིར་བཏང་ནས་མཐའ་འཁོར་གྱི་བར་རྫས་ནང་མཐོ་གནོན་གྱི་རྫས་འགྱུར་འགྱུར་བ་བྱུང་ནས་རྣམ་པ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་གཏོར་བརླག་རང་བཞིན་ཧ་ཅང་ཆེ།
སྣུམ་མཛོད་དང་། སོལ་གཏེར་གྱི་གཏེར་ཁྲོན། འབྲུ་ཕྱེ་ལས་སྣོན་བཟོ་གྲྭ། འཁེལ་འཐག་བཟོ་གྲྭ་བཅས་སུ་རྒྱུན་པར་དུ་མེ་རྩ་འགོག་ཞེས་པའི་ཡི་གེ་ཆེན་པོ་གསལ་བོར་བྲིས་ཡོད། རྒྱུ་མཚན་ནི་གནས་འདི་དག་གི་མཁའ་རླུང་ནང་དུ་འབར་རུང་རླུང་གཟུགས་དང་ཕྱེ་རྡུལ་འདྲེས་ཡོད་པས། མེ་དང་འཕྲད་ན་འབར་འགད་ཉེན་ཁ་ཡོད་པའི་ཕྱིར་ཡིན། དངོས་པོ་ནི་ཚད་ཡོད་པའི་དུས་ཚོད་ནང་དུ་དྲག་ཏུ་འགྱུར་བ་མ་ཟད་ནུས་ཚད་མང་པོ་ཕྱིར་གཏོང་བའི་སྣང་ཚུལ་དེར་འབར་འགད་ཟེར། སོལ་གཏེར་ཁྲོན་པའི་མཁལ་རླུང་ནང་དུ་འབར་རུང་བའི་རླུང་གཟུགས་ཝོན་ཀ་བCH4འདུས་ཡོད། གལ་ཏེ་ཁྲོན་པའི་ནང་དུ་རླུང་རྒྱུ་བ་མི་ལེགས་པར་མེ་དང་འཕྲད་ན། ཝོན་ཀ་པ་དང་མཁའ་རླུང་ནང་གི་མཉམ་བསྲེས་རྫས་སྦར་ནས་འབར་འགད་བྱེད་པ་ལ། ཝ་སི་འབར་འགད་ཞེས་ཟེར།
ཝོན་ཀ་པའི་འདུས་ཚད་མཁའ་རླུང་ནང་དུ5%-%15ལ་སླེབས་པ་དང་། དབྱང་རླུང་ནང་དུ5.4%-59.2%ལ་སླེབས་ཚེ། མེ་དང་འཕྲད་ན་འབར་འགད་བྱེད། མཁའ་རླུང་དང་འབར་རུང་རླུང་གཟུགས་ཀྱི་མཉམ་བསྲེས་རླུང་གཟུགས་འབར་འགད་དང་། མཁའ་རླུང་དང་སོལ་ཕྱེའམ་འབྲུ་ཕྱེ་ཡི་མཉམ་བསྲེས་རྫས་འབར་འགད། ཆིང་དབྱང་མཉམ་བསྲེས་རླུང་འབར་འགད་བཅས་ཚང་མ་དབྱང་འགྱུར་འགྱུར་འབྱུང་ལ་གཏོགས། འོན་ཀྱང་འབར་འགད་ཚང་མ་དབྱང་འགྱུར་འགྱུར་འབྱུང་གིས་བསླངས་པ་མིན། དཔེར་ན། ཁིལ་རླུང་དང་ཆིང་རླུང་གི་མཉམ་བསྲེས་རླུང་སྦར་རྗེས་སུའང་འབར་འགད་བྱེད། འབར་འགད་ཁ་ཤས་སྟེ། དཔེར་ན་རླངས་པའི་ཁྲོ་ཐབ་འབར་འགད་བྱེད་པ་ནི་དངོས་ལུགས་གོ་རིམ་ཙམ་ཡིན་ལ། དེ་ནི་རྫས་འགྱུར་འགྱུར་འབྱུང་གིས་བསླངས་བ་ཞིག་མིན།
ཉིང་འབར་འགད། རྫས་འགྱུར་འབར་འགད། གློག་འབར་འགད། དངོས་ལུགས་འབར་འགད། འགྲོས་མཐོའི་གདོང་གཏུག