འགད་རྫས།སྔ་མའི་པར་གཞི་དེ འཕགས་མོ་སྐྱིད།  ནས 2017-03-17 11:02ལ་འགྲུབ།

འགད་རྫས།

འགད་རྫས།
འགད་རྫས་ནི་དུས་ཚོད་ཐུང་ངུའི་ནང་འབར་ནས་འགད་པའི་ཟིལ་ཤུགས་ཧ་ཅང་ཆེ་བའི་རྫས་ཤིག་ཡིན་ལ་ཕྱི་རོལ་གྱི་ནུས་ཚད་ངེས་ཅན་འོག་རང་ཉིད་གྱི་ནུས་ཚད་དེ་འགྱུར་བ་བྱུང་ནས་འབར་འགད་བྱུང་བ་ཡིན། གད་པའི་སྐད་ཅིག་ཉིད་ལ་འགད་རྫས་ཀྱིས་རླུང་གཟུགས་དང་ཚ་བ་འབོར་ཆེན་ཕྱིར་གཏོང་བ་ཡིན། འགད་པའི་གོ་རིམ་ཁྲོད་དུ་ཕྱིར་བྱུང་བའི་གནོན་ཤུགས་ཤིན་ཏུ་ཆེན་པོས་མཐའ་སྐོར་གྱི་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་བཟོ་སྲིད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
炸药
ཕྱི་ཡིག་གི་མིང་།
Explosive material
ཐོག་མའི་དར་ཡུལ།
ཀྲུང་གོ
གསར་གཏོད་མཁན།
ནོ་པེར།
1 ངོ་སྤྲོད།

.jpgའགད་རྫས་ནི་དུས་ཚོད་ཐུང་ངུའི་ནང་འབར་ནས་འགད་པའི་ཟིལ་ཤུགས་ཧ་ཅང་ཆེ་བའི་རྫས་ཤིག་ཡིན་ལ་ཕྱི་རོལ་གྱི་ནུས་ཚད་ངེས་ཅན་འོག་རང་ཉིད་གྱི་ནུས་ཚད་དེ་འགྱུར་བ་བྱུང་ནས་འབར་འགད་བྱུང་བ་ཡིན། གད་པའི་སྐད་ཅིག་ཉིད་ལ་འགད་རྫས་ཀྱིས་རླུང་གཟུགས་དང་ཚ་ཚད་འབོར་ཆེན་ཕྱིར་གཏོང་བ་ཡིན། འགད་པའི་གོ་རིམ་ཁྲོད་དུ་ཕྱིར་བྱུང་བའི་གནོན་ཤུགས་ཤིན་ཏུ་ཆེན་པོས་མཐའ་སྐོར་གྱི་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་བཟོ་སྲིད། འགད་རྫས་གླེང་ཚེ་མི་རྣམས་ཀྱིས་སེམས་སུ་དམག་འཁྲུག་འཆར་ངེས་ཡིན། དོན་དངོས་སུ། འགད་རྫས་དེ་དམག་འཁྲུག་ལས་གཞན་ཡང་རྒྱུན་པར་ཞི་བདེའི་ཆེད་དུ་བཀོལ་བཞིན་ཡོད་དེ། དཔེར་ན་གཏེར་བརྐོ་བ་དང་། ལམ་ལས་པ་སོགས་བཟོ་སྐྲུན་ལས་རིགས་སུ་བཀོལ་བ་ལྟ་བུ་རེད།

2 མེ་རྫས་ནག་པོ།

མེ་རྫས་ནག་པོ་ནི་ཀྲུང་གོའི་གནའ་རབས་ཀྱི་གསར་བཏོད་ཆེན་པོ་བཞིའི་.jpgནང་གི་གཅིག་ཡིན་ལ། འགྲོ་བ་མིའི་རིགས་ཀྱིས་བཀོལ་བ་ཆེས་སྔ་བའི་འགད་རྫས་ཡིན། དེ་སྤྱིར་བཏང་དུ75%ཡི་ཟེ་སྐྱུར་ཅཱ་དང་། 10%ཡི་མུ་ཟི། 15%ཡི་ཤིང་སོལ་ཞིབ་མོར་འཐག་ནས་བསྲེས་ཏེ་བཟོས་པ་ཡིན། མེ་རྫས་ནག་པོ་འབར་སྐབས་དབྱང་གཉིས་ཐཱན་རྫས་དང་དབྱང་གཅིག་ཐཱན་རྫས། ཏན་རླུང་བཅས་མང་པོ་བྱུང་བ་དང་། དུས་མཉམ་དུ་ཚ་བ་མང་བོ་ཕྱིར་བཏང་ནས་རླུང་གཟུགས་ཀྱི་བོངས་ཚད་གློ་བུར་རྒྱས་པ་སྟེ། ཧ་ལམ་སྔར་གྱི་ལྡབ2000ལ་ཐོན་པས་གད་པ་ཡིན། མེ་རྫས་ནག་པོ་འགད་རྫས་གཙོ་བོ་བྱས་ཏེ་ལོ་ངོ་སྟོང་ལྷག་ལ་བཀོལ་ཡོད། འོན་ཀྱང་དེ་ནི་འགད་རྫས་ཆེས་དྲག་པོ་མིན་པས། ད་ལྟ་ཤོག་སྦག་ཚོན་ཁྲ་ཅན་དང་བདེ་འཇགས་མེ་རྟ་བཟོ་རྒྱུ་ཁོ་ནར་བཀོལ་བཞིན་ཡོད།

3 ནོ་པེར།

ནོ་པེར་ནི་སྙན་གྲགས་ཆེ་བའི་རྫས་འགྱུར་པ་དང་གསར་གཏོད་པ་ཡིན། ཁོང་གིས་དུས་རབས་བཅུ་དགུ་པར་སྲ་གཟུགས་ཀྱི་འགད་རྫས་སེར་པོ་ལས་བཟོ་བྱས། དེ་ནི་ཟིལ་ཤུགས་ཆེ་ལ་བདེ་འཇགས་ཡིན་པས་འཛམ་གླིང་ཡོངས་སུ་བཀོལ་སྤྱོད་རྒྱ་ཆེར་བྱས། ཁོང་འདས་ཁར་རང་གི་རྒྱུ་ནོར་བཏང་ནས་མིང་གྲགས་ཆེ་བའི་ནོ་པེར་བྱ་དགའི་ལམ་ལུགས་བཙུགས།

4 TNT

TNTནི་འགད་རྫས་དྲག་པོ་ཞིག་ཡིན་ལ། འགད་རྫས་སེར་པོ་ཞེས་ཀྱང་ཟེར། གྲུབ་ཆ་ནི་ཟེ་རྨང་གསུམ་ཀ་པུན་ཡིན། དེ་ནི་མདོག་སེར་སྐྱའི་ཤེལ་གཟུགས་ཤིག་ཡིན། བཞུ་ཚེག81℃དང་། རྒྱུན་དྲོད་འོག་ཏུ་བརྟན་བརླིང་ཡིན།  འགད་བྱེད་རྫས་ཀྱིས་གད་དུ་བཅུག་ཚེ་ད་གཟོད་དྲག་ཏུ་འགད་པ་ཡིན། TNTནི་པུན་ཀ་པ་དང་ཟེ་སྐྱུར། ཟི་སྐྱུར་བཅས་ཀྱི་མཉམ་བསྲེས་སྐྱུར་ཟེ་འགྱུར་འགྱུར་འབྱུང་བྱས་ཏེ་བཟོས་པ་ཡིན། TNTནི་དམག་དོན་ཐད་དུ་ཡོངས་ཁྱབ་ཏུ་བཀོལ་བཞིན་ཡོད་ལ། རྒྱུན་པར་དམག་དོན་མཚོན་ཆའི་འགད་ཤུགས་བསྡུར་བའི་ཚད་གཞི་བྱེད་བཞིན་ཡོད།

5 ཟེ་འགྱུར་མངར་སྣུམ།

.jpg

ཟེ་འགྱུར་མངར་སྣུམ་ནི་དྲག་གཤིས་འགད་རྫས་ཤིག་ཡིན། དེ་ནི་མངར་སྣུམ་དང་ཟེ་སྐྱུར་གར་པོ། ཟི་སྐྱུར་གར་པོ་བཅས་ལས་གྲུབ་པའི་མཉམ་བསྲེས་སྐྱུར་དེ་ཟེ་འགྱུར་འགྱུར་འབྱུང་བྱས་པ་ལས་བཟོས་པའི་སྣུམ་ལྟ་བུའི་གཤེར་གཟུགས་སེར་པོ་ཞིག་ཡིན། ཟེ་འགྱུར་མངར་སྣུམ་གད་དུས་སུ། ཆེས་མཐོ་བའི་དྲོད་ཚད3400℃ལ་སླེབས་ཐུབ། ཟེ་འགྱུར་སྲིང་བལ་ནི་སྲིང་བལ་ཚི་སྣ་གཙང་མ་དང་མཉམ་བསྲེས་སྐྱུར་གཉིས་འགྱུར་འབྱུང་བྱས་རྗེས་གྲུབ་པའི་འབྱར་ཚད་སྣ་ཚོགས་ཀྱི་གཤེར་གཟུགས་ཡིན། ཟེ་འགྱུར་སྲིང་བལ་དང་ཟེ་འགྱུར་མངར་སྣུམ་སྤུས་ཚད་བསྡུར་བ་ངེས་ཅན་ལྟར་བསྲེས་ཏེ་འགྱིག་ལྟ་བུའི་འགད་འགྱིག་གྲུབ་ལ། ཤེས་ཟིན་པའི་འགད་རྫས་དྲག་པོའི་ཁྲོད་འགད་གཏོར་ཤུགས་ཆེས་ཆེ་བའི་འགད་རྫས་ཡིན། འགད་ཤུགས་ཧ་ལམTNTཡི་ལྡབ1.5ཡིན། འགད་རྫས་ནི་རྡེབ་རྡེག་ལ་མི་འཇིགས་པས། བཀོལ་སྤྱོད་དང་། སྐྱེལ་འདྲེན། ཉར་ཚགས་བཅས་བྱས་ན་བདེ་འཇགས་ཡིན། རྒྱུན་པར་གཏེར་རྡོ་བརྐོ་བ་དང་ཕུག་ལམ་ལས་པར་བཀོལ་བཞིན་ཡོད།

6 ཉིང་འགད་རྫས།

ཉིང་འགད་རྫས་ལ་རིགས་གཉིས་ཡོད་དེ། ཉིང་འགད་རྫས་རིགས་གཅིག་ནི་ཡུ་གཞི་རྒྱུ235འམ་ཕིལ་གཞི་རྒྱུ239མ་རྒྱུ་བྱས་ཏེ། ཉིང་གས་འགྱུར་འགྱུར་འབྱུང་བྱས་ནས། སྐད་ཅིག་ཉིད་དུ་ཚ་བ་མང་པོ་བཏང་སྟེ་འགད་པ་ཞིག་ཡིན། འགད་རྫས་རིགས་གཞན་ཞིག་ནི་ཆིང་གི་གནས་མཐུན་རྒྱུ་རིགས་གཉིས་སྟེ། ཏོ་དང་ཕྲོམ་གྱི་མ་རྡུལ་ཉིང་བཀོལ་ནས་འདུས་འགྱུར་བྱེད་སྐབས། སྐད་ཅིག་ཉིད་ལ་ཚ་བ་འབོར་ཆེན་བྱུང་ནས་འགད་པ་ཞིག་ཡིན། TNTསྟོང་ཁེ་ཁྲི2000ཡི་རྫས་འགྱུར་འགད་རྫས་ཀྱིས་ཕྱིར་བཏང་བའི་ཚ་ཚད་ཡུ235སྟོང་ཁེ1གམ་ཡང་ན་ཕིལ239ཚང་མ་གས་འགྱུར་བྱས་ཏེ་བཏང་བའི་ནུས་ཚད་དང་མཚུངས།

ཏོ་དང་ཕྲོམ་གྱི་མཉམ་བསྲེས་རྫས་སྟོང་ཁེ1ཡོངས་སུ་འདུས་འགྱུར་བྱས་ཏེ་བྱུང་བའི་ནུས་ཚད་ནིTNTའགད་རྫས་སྟོང་ཁེ་ཁྲི5800ཡིས་ཕྱིར་བཏང་བའི་ནུས་ཚད་དང་མཚུངས།                ཉིང་འགད་རྫས་ཀྱི་འགད་ཤུགས་ནི་རྫས་འགྱུར་འགད་རྫས་ཀྱི་འགད་ཤུགས་ལས་ཧ་ཅང་ཆེ།       གཤེར་དབྱང་འགད་རྫས་ནི་ཐཱན་ཕྱེ་དང་ཤིང་གཞོག་སོགས་འབར་རྫས་བླུགས་ཡོད་པའི་རྫས་ཐུམ་མམ་རྫས་མདོང་ཞིག་ཡིན།     དེ་གཤེར་རྣམ་དབྱང་ནང་དུ་སྦངས་ནས་བཟོས་པ་རེད། དེ་ནི་སྤྱི་ལོ1895ལོར་འཇར་མན་པC.ལེན་ཏེ་ཡིས་གསར་གཏོད་བྱས། གཤེར་རྣམ་དབྱང་ནི་རྒྱུན་དྲོད་འོག་ཏུ་ཡལ་བ་ཧ་ཅང་མགྱོགས་པས། འགད་རྫས་རིགས་འདིའི་འཇོག་ཡུན་ཧ་ཅང་ཐུང་། སྤྱིར་བཏང་དུ་ཆུ་ཚོད་སྐར་མ15~20བར་ཡིན། དེ་བས། བཀོལ་སྔོན་དུ་གནས་སྐབས་སྦངས་བཟོ་བྱ་དགོས། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྔོན་ལ། ཟེ་སྐྱུར་ཚྭ་ཇེ་ཉུང་དུ་སོང་བས། འགད་རྫས་རིགས་འདི་ཁྱབ་གདལ་དུ་བཀོལ་བ་རེད། རྗེས་སུ་འདྲེས་གྲུབ་ཨེམ་ཙམ་བྱུང་བས། ཟེ་སྐྱུར་ཚྭ་ནི་གོང་དམའ་ཞིང་མང་དུ་མཁོ་སྤྲོད་བྱས་ཏེ། གཤེར་དབྱང་འགད་རྫས་བཀོལ་མཁན་ཇེ་ཉུང་དུ་གྱུར།