དུས་རབས20པའི་ལོ་རབས60པར། དབྱིན་ཇིའི་ལེ་ཝེར་ཕུལ་གྲོང་ཁྱེར་གྱི་གཞོན་ནུ་བཞི་ཡིས་གྲུབ་པའི་རོལ་མོའི་སྟེགས་བུའི་སྟེང་དུ་ཚ་རླབས་ཤིག་སྤྲོས་ནས་འཛམ་གླིང་ཡོངས་ལ་དར་ཁྱབ་བྱུང་བ་རེད། རོལ་མོ་ཚོགས་པ་དེའི་ཁོངས་མི་ཚོ་ནུབ་ཕྱོགས་ཀྱི་གཞོན་ནུ་ཚོའི་དད་རྟེན་ཆགས་པས་མི་ཚད་དར་མ་དང་བགྲེས་སོང་ཁག་ཅིག་གི་སེམས་པ་ཡང་བཀུག་ཡོད་པ་རེད་ལ། ཐ་ན་དབྱིན་ཇིའི་རྒྱལ་མོས་ཁོང་ཚོ་ལ་སྐུ་དྲག་གི་ཐོབ་ཐང་བསྩལ་བ་རེད། སྦུར་པ་རོལ་མོ་ཚོགས་པ་ཞེས་པར་དབྱིན་ཇིའི་སྐད་དུBeatlesཞེས་ཟེར་ལ། དེ་སྒྲ་བསྒྱུར་བྱས་ཏེ“པེ་ཐུལ་སི”ཞེས་ཟེར་མཁན་ཡང་ཡོད། ཁོངས་མི་ནིJ.ལེ་ནན་དང་། G.ཧཱ་རེ་སིན། P.མའེ་ཁ་ཐེ་ནེ། R.སི་ཐའར་བཞི་ཡིན། 1962ལོར་རོལ་མོ་ཚོགས་པས་གླུ་དབྱངས་དང་པོ་སྟེ《ང་ལ་བྱམས་རོགས》ཞེས་པ་སྤེལ། དེའི་ཕྱི་ལོར《ང་དགའ་རུ་བཅུག་དང》ཞེས་པས་གླུ་སྟེགས་སུ་སྐད་གྲགས་ཚོད་པས་དེ་ནས་བཟུང་སྟེ་ཀློང་བརྡོལ་བ་ལྟར་གྱུར། རོལ་མོ་ཚོགས་པ་དེས་སྤྱིར་བཏང་རང་ཉིད་ཀྱི་ཁོངས་མིས་དབྱངས་དང་དང་ཚིག་བརྩམས་པའི་གླུ་དབྱངས་ལེན་པ་དང་། ནང་དོན་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཡོ་རོབ་ཀྱི་གཞོན་ནུ་ཚོའི་མངོན་སུམ་གནས་བབས་ལ་གཡོས་བའི་སེམས་ཁམས་ཀྱི་དགོས་ཁོམ་དང་མཐུན་པ་ཅན་ཡིན། གླུ་དབྱངས་ལེན་སྟངས་ཐད་དུ་རང་ཆོས་གསལ་ལ་སྤྲོ་བ་ཁོལ་ཡོད་པ་རེད། རོལ་མོ་ཚོགས་པ་དེས་སྤེལ་བའི་གླུ་སྡར་ཁག་འཛམ་གླིམ་ཁྱབ་ཁོངས་སུ་དུང་ཕྱུར2ཀྱི་ཡན་བྲིན་འཚོང་བྱུང་ཡོང་ཡོད་པ་དང་། དེ་དག་ལས་བྲིན་འབོར་ས་ཡིའི་གྲངས་ལས་འདས་པ་ཁོ་ན20ལྷག་ཡོད་པ་རེད། སྦུར་པ་རོལ་མོ་ཚོགས་པས་གླུ་ལེན་འདུ་ཚོགས་སྐོང་བ་དང་གླུ་སྡར་སྤེལ་བ་དང་ལྷན་དུ་འཛམ་གླིང་ས་གནས་ཁག་ཏུ་སྐོར་འཁྲབ་ལ་སྐྱོད་པ་དང་། གློག་བརྙན་འབེབས་བཟོ་བྱས་ཏེ་རབ་ཁོལ་རོལ་མོ་ཉིད་གར་སྟེགས་ནས་བརྙན་ཡོལ་སྟེང་དུ་སྤེལ་ཡོད་པ་རེད། 1970ལོར་རོལ་མོ་ཚོགས་པ་དེ་ཁ་ཐོར་མོད་ཀྱང་ཁོ་ཚོའི་མཛད་ཆོས་ཁག་ནི་ད་ལྟའི་བར་དུ་ད་དུང་དར་ཁྱབ་འགྲོ་བཞིན་དུ་ཡོད།