ལུང་གཞུང་དམར་པོ།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-03-16 14:23ལ་འགྲུབ།

ལུང་གཞུང་དམར་པོ།

ལུང་གཞུང་དམར་པོ།
《ལུང་གཞུང་དམར་པོ》ཞེས་པའི་འདི་ནི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཏའེ་ཝེས་འཁྲབ་ཁྲིད་བྱས་ཤིང་། ཅང་ཧྲི་ཀྲེན་དང་རིན་ཆེན་དོན་གྲུབ་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཞིག་ཡིན། གློག་བརྙན་འདིར་མདོ་དབུས་མཐོ་སྒང་སྟེང་བྱུང་བའི་ངོ་མཚར་ཆེ་བའི་བརྩེ་དུང་གི་གཏམ་རྒྱུད་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ལུང་གཞུང་དམར་པོ།
ཕྱི་ཡིག་གི་མིང་།
Red River Valley
རྒྱ་འགྱུར་མིང་།
红河谷
རྒྱལ་ཁབ།
ཀྲུང་གོ།
སྐད་རིགས།
རྒྱ་སྐད། བོད་སྐད། དབྱིན་སྐད།
འཁྲབ་ཁྲིད་པ།
ཧྥེང་ཞའོ་ཉིང་།
གཙོ་འཁྲབ་པ།
ཉིང་ཅིང་། ཧྲའོ་པིང་། རྡོ་རྗེ། དབྱིན་ཀྲེན།
1 ནང་དོན་མདོར་བསྡུས།

སྤྱི་ལོ1900ལོར་རྨ་ཆུའི་འགྲམ་ངོགས་སུ། བླུན་རྨོངས་དང་གདུག་རྩུབ་ཆེ་བའི་མཆོད་འབུལ་མཛད་སྒོ་སྤེལ་བཞིན་ཡོད་པ་དང་། གྲོང་ཚོ་དེ་མི་རྣམས་ཀྱིས་བུ་མོ་གཞོན་ནུ་མ་གཉིས་མཆོད་རྫས་སུ་བྱས་ནས་རྦ་རླབས་ལང་ལོང་འཕྱུར་བའི་རྨ་ཆུའི་ནང་དུ་འཕེན་རྩིས་བྱེད་བཞིན་འདུག དེའི་ནང་གི་བུ་མོ་གཅིག་རྨ་ཆུའི་ནང་དུ་གཡུག་ཟིན། བུ་མོ་གཞན་པ་དེ་འཕེན་རྩིས་བྱེད་སྐབས། རང་གི་ཕུ་བོས་མི་ཁྲིད་ཡོང་ནས་མོའི་སྲོག་བསྐྱབས། ཡུལ་དམག་རྣམས་ར་མདའ་རྒྱུག་ཡོང་དུས། བུ་མོས་ཟམ་པ་བཅད་ནས་ཆུའི་ནང་དུ་ལྷུང་། ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་བུ་མོ་དེ་བོད་རིགས་གཞོན་ནུ་སྐལ་བཟང་དང་ཨ་མ་རྒན་མོས་བསྐྱབས་པར་མ་ཟད། ཁོ་མོའི་མིང་ལ་གངས་ཕྲུག་ཟླ་བ་ཞེས་བཏགས།

.jpg

དབྱིན་ཇིའི་མྱུལ་དཔྱད་རུ་ཁག་ཅིག་བོད་དུ་བསྐྱོད་པ་དང་། མྱུལ་དཔྱད་པ་ཆུང་སི་དང་ལོའུ་ཁུ་མན་ཞེས་པ་གཉིས་གངས་ཉིལ་འོག་ཏུ་མནན་ཡོད་དུས་སྐལ་བཟང་དང་གངས་ཕྲུག་ཟླ་བ་གཉིས་ཀྱིས་བསྐྱབས། མགོ་པས་དབྱིན་ཇི་བ་འདི་གསོད་རྩིས་བྱེད་དུས། སྐལ་བཟང་གི་འུར་རྡོའི་ཁོ་གཉིས་བསྐྱབས་པས། ལོའུ་ཁུ་མན་གྱིས་སྐལ་བཟང་ལ་མེ་ཆ་ཞིག་གནང་།

.jpg

དབྱིན་ཇི་བཙན་རྒྱལ་གྱིས་བོད་ཀྱི་གནའ་བོའི་ཤེས་རིག་དང་གཏེར་ཁའི་ཐོན་ཁུངས་སོགས་འཕྲོག་བཅོམ་བྱེད་པར་འདོད་དེ། ལོའུ་ཁུ་མན་གཙོ་བྱས་པའི་དབྱིན་ཇིའི་རྒྱང་བསྐྱོད་དམག་གིས་བོད་ལ་དཔུང་འཇུག་བྱས། བོད་མི་ཁྲི་སྟོང་མང་པོས་དཔའ་མཛངས་རྟུལ་ཕོད་ཀྱིས་རང་ཉིད་ཀྱི་ཁྱིམ་གཞི་དང་མངའ་ཁོངས་ལ་སྲུང་སྐྱོབ་བྱེད་ཆེད། དབྱིན་ཇིའི་བཙན་འཛུལ་བ་དང་ངོ་རྒོལ་དམར་འཛིང་བྱས་པ་རེད། མཐར་དགྲ་བོ་དང་མཉམ་དུ་རང་སྲོག་བློས་བཏང་བའི་ཡིད་སྐྱོ་བའི་དམག་འཁྲུག་གི་གཏམ་རྒྱུད་བརྗོད་ཡོད།

.jpg

.jpg

2 དཔྱད་གཏམ།

《ལུང་གཞུང་དམར་པོ》 ཞེས་པའི་གློག་བརྙན་འདི་ནི་བྱིས་པ་བསམ་མེད་ཅིག་གི་མིག་ཟུང་ལས་མཐོང་བའི་དུས་ཚོད་ཐུང་ངུའི་ནང་གི་ཚེ་སྲོག་དང་དད་མོས། རང་དབང་། དམག་འཁྲུག ཤི་གསོན། དཔལ་ཡོན། ཀླ་ཀློ་སོགས་ལོ་ཟླའི་གཏིང་རིམ་དུ་འཐིམས་པ་བརྗོད་དེ། ལྟད་མོ་བའི་མིག་ལམ་དུ་ངོ་མཚར་ཡིད་དབང་འཕྲོག་པའི་གཏམ་རྒྱུད་ཅིག་མངོན་ཡོད། གློག་བརྙན་འདི་ལས་ང་ཚོས་དམག་འཁྲུག་ནི་ཇི་འདྲའི་གདུག་རྩུབ་ཆེ་བ་ཞིག་དང་སྐབས་དེའི་བོད་མི་རྣམས་ཀྱི་དགྲ་བོར་འགོག་རྒོལ་བྱེད་བཞིན་པའི་སྙིང་སྟོབས་སོགས་ནི་ནམ་ཡང་ཉམས་མི་སྲིད་པ་ཞིག་ཡིན་པ་རྟོགས་ཐུབ།

.jpg

འདི་ནི་ཧའོ་ལའེ་ཝུའུ་ཡི་གློག་བརྙན་དང་འགྲན་ཕོད་པའི་གློག་བརྙན་ཞིག་ཡིན་པར་འདོད། གློག་བརྙན་འདིའི་ཁྱད་མཚར་ཞིང་བརྗིད་ཆགས་པ། ད་དུང་ལོ་རྒྱུས་སྙན་ངག་ལྟ་བུའི་མཛེས་སྡུག་གི་ཁྲོད་དུ། གློག་བརྙན་ཧྲིལ་བོའི་མི་ཀུན་གྱིས་ཡིད་དབང་འཕྲོག་ཡོད་པ་ཞིག་རེད། འཁྲབ་ཁྲིད་པས་ཐུན་མིན་གྱི་བརྙན་མིག་བརྒྱུད་ནས་གཟིགས་མཁན་ལྟད་མོ་བ་ཡོངས་ལ་གསང་བ་ལྐོག་གྱུར་ལྟ་བུ་ཡིན་པའི་མདོ་དབུས་མཐོ་སྒང་གི་ཡུལ་ལྗོངས་དང་དེར་འདུས་སྡོད་བྱས་ཡོད་པའི་བོད་རིགས་མི་དམངས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་གསལ་བར་མངོན་ཡོད་པ་རེད།