ཕོར་པ།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-03-12 13:49ལ་འགྲུབ།

ཕོར་པ།

ཕོར་པ།
《ཕོར་པ》ཞེས་པའི་འདི་ནི་འབྲུག་ཡུལ་གྱི་ནང་པའི་འཁྲབ་ཁྲིད་པ་གྲགས་ཅན་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་ཡིན། གློག་བརྙན་འདི་ནི་དོན་དངོས་གཞིར་བཟུང་ནས་བཅོས་སྒྲིག་དང་ཕབ་སྐྲུན་བྱས་པར་མ་ཟད། དོན་རྐྱེན་འདིའི་མི་སྣ་གཙོ་བོའི་བརྙན་ཡོལ་གྱི་མདུན་དུ་རང་ཉིད་ཀྱི་གཏམ་རྒྱུད་བཤད་ཡོད། གློག་བརྙན་གྱི་ནང་དོན་གཙོ་བོ་ནི་རྒྱང་རིང་གི་དགོན་སྡེ་ཞིག་ཏུ་ཡོད་པའི་དགེ་འདུན་པ་གཉིས་ཀྱིས་འཁོར་སྐར་བསྡུ་ལེན་ཆས་བརྒྱུད་ནས་འཛམ་གླིང་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལོར་བལྟ་ཆེད་དཀའ་ལས་གང་མང་མྱངས་པའི་གཏམ་རྒྱུད་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཕོར་པ།
མ་བརྙན་མིང་།
The Cup
རྒྱ་འགྱུར་མིང་།
高山上的世界杯
རྒྱལ་ཁབ།
འབྲུག་ཡུལ། ཨོ་སི་ཁྲུ་ལི་ཡ།
སྐད་རིགས།
རྒྱ་གར་བྱང་མའི་སྐད། བོད་སྐད།
འཁྲབ་ཁྲིད་པ།
རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ།
གཙོ་འཁྲབ་པ།
Thinley Nudi,Orgyen Tobgyal
འགྲེམ་དུས།
1999-08-29
བརྙན་རིགས།
སྤྲོ་གར། ལུས་རྩལ།
ཡུན་ཚད།
སྐར་མ93
1 ནང་དོན་མདོར་བསྡུས།

གློག་བརྙན་འདི་ནི་ལོ་རབས་ལྔ་བཅུའི་དུས་ཀྱི་བོད་ལྗོངས་ནས་མགོ་བརྩམས་ཏེ། བོད་ནས་ཡོང་བའི་བྱིས་པ་སྐོར་ཞིག་ཡུལ་ལྗོངས་ཧ་ཅང་མཛེས་པའི་རི་བོ་ཧི་མ་ལ་ཡ་ཁྲོད་ཀྱི་དགོན་པ་ཞིག་ཏུ་ཡོད་པའི་འཚོ་བ་བརྗོད་ཡོད།

.jpg

རྒྱང་ཐག་རིང་བའི་བོད་རིགས་གྲོང་ཚོ་ཞིག་ཏུ་དགོན་པ་ཞིག་ཡོད། དགོན་པའི་ནང་གི་དགེ་འདུན་པ་ཚོས་འཁོར་སྐར་སྡུད་ལེན་ཆས་ཞིག་ལ་བརྟེན་ནས། གནས་དེ་གའི་མི་དམངས་ལ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལྟ་ཐུབ་པར་ཚོད་ལྟ་བྱེད་བཞིན་འདུག འཛམ་གླིང་བུམ་པ་རྟགས་ཅན་གྱི་འགྲན་སྡུར་དེ་ཧྥ་རན་སི་རུ་ཚ་ལམ་ལམ་ངང་འཚོགས་བཞིན་ཡོད་མོད། འོན་ཀྱང་ས་ཐག་རིང་བའི་ཧི་མ་ལ་ཡའི་དགོན་པའི་ནང་གི་རྐང་རྩེད་སྤོ་ལོར་སེམས་ཤོར་བའི་གྲྭ་བ་ཆུང་ཆུང་དེ་གཉིས་གནས་འདིའི་ཁུ་སིམ་གྱི་རྣམ་པས་བློ་ཕམ་བྱུང་དུ་བཅུག དགོན་པའི་ནང་གི་དགེ་འདུན་པ་ཚང་མ་རྐང་རྩེད་སྤོ་ལོར་ཧ་ཅང་དགའ་མོས་ཡོད་མོད། ཡིན་ཡང་གནད་དོན་ནི་བརྙན་འཕྲིན་དང་འཁོར་སྐར་སྡུད་ལེན་ཆས་མེད་པ་དེ་རེད། ཁོ་ཚོས་ཇི་ལྟར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཐད་གཏོང་ལ་བལྟ་བར་སེམས་ཁྲལ་གང་མང་བྱས། རྗེས་སུ་གྲྭ་བ་ཆུང་ཆུང་དེས་ཐབས་ཤེས་ཡོད་རྒུ་བཏོན་ནས་བརྙན་འཕྲིན་ཞིག་གླས་ཡོང་ནས་འཛམ་གླིང་བུམ་པ་རྟགས་མའི་འགྲན་སྡུར་ལ་བལྟ་རྒྱུའི་ཐབས་མཆོག་རྙེད། འཆར་གཞི་འདིས་དགོན་པའི་ནང་གི་གྲྭ་བ་ཆུང་ཆུང་དེས་སྤྱང་གྲུང་བསྟུན་མཁས་དང་བློ་གྲོས་ཀྱི་རྩལ་སོགས་མངོན་ཡོད།

2 དཔྱད་གཏམ།

གློག་བརྙན་འདི་ནི་དངོས་བྱུང་གཏམ་རྒྱུད་ལས་བཅོས་སྒྲིག་བྱས་པ་ཞིག་དང་། རི་བོ་ཧི་མ་ལ་ཡའི་འདབས་སུ་རྒྱ་གར་གྱི་ས་ཁུལ་ཞིག་ཡོད་པ་དེར་དགོན་པ་ཞིག་ཡོད་ལ། དགོན་པའི་ནང་གྲྭ་བ་ཆུང་ཆུང་དེས་ལོ་བཞིར་ཐེངས་གཅིག་ལ་འཚོགས་བཞིན་པའི་འཛམ་གླིང་བུམ་པའི་འགྲན་བསྡུར་ལ་ཧ་ཅང་དགའ་མོས་ཡོད་མོད། འོན་ཀྱང་དགོན་པའི་སྒྲིག་ལམ་གྱིས་དབང་གིས་ཁོས་རེ་སྨོན་ཆུང་ཆུང་འདི་མངོན་འགྱུར་བྱེད་མི་ཐུབ། གྲུ་བ་ཆུང་ཆུང་འདིས་སྡུག་རུས་དང་ཨུ་ཚུགས་ངང་ཞུ་བ་ཡང་ཡང་བྱས་མཐར། གྲྭ་བ་རྒན་པས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བལྟས་ཆོག་པའི་ཁས་བླངས་པ་རེད། དགོན་པའི་དགེ་འདུན་པ་་ཡོངས་ཀྱིས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཆེན་མོ་འི་ཐད་གཏོང་ལ་མཉམ་དུ་བལྟས་པ་རེད། འདི་ནི་གློག་བརྙན་འདིའི་གཏམ་རྒྱུད་དངོས་རེད།

.jpg

གློག་བརྙན་འདི་ནི་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་འཁྲབ་གཞུང་བཅོས་སྒྲིག་དང་འཁྲབ་ཁྲིད་བྱས་པ་ཞིག་ཡིན། ཁོ་ནི་དེང་སྐབས་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་ཆེས་གསར་གཏོད་དང་གསར་གཏོད་ལྡན་ཤོས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སློབ་དཔོན་གྲས་ཀྱི་གཅིག་ཡིན་པར་མ་ཟད། གློག་བརྙན་འཁྲབ་ཁྲིད་པ་ཞིག་ཀྱང་ཡིན།

འགྱུར་ཁུག་སྙན་པའི་རོལ་དབྱངས་ཞིག་དང་བསམ་བློ་གཏོང་རིན་ཡོད་པའི་གཏམ་རྒྱུད་ཅིག་རེད། བླ་མ་ཞིག་གིས་འཁྲབ་ཁྲིད་པའི་འགན་བཞེས་ཏེ། ང་ཚོར་དེང་རབས་ཀྱི་འཚོ་བའི་གོམ་འགྲོས་མཐོང་དུ་བཅུག