རྡོ་རིང་དེ་སྤྱི་ལོ1684ལོར་བཞེངས་པ་ཞིག་ཡིན། རྡོ་རིང་དེ་ནི་རི་བོ་རྩེ་ལྔའི་འཇམ་དབྱངས་ལྷ་ཁང་གི་མདུན་དུ་བཞེངས་ཡོད།
༄། །རྒྱལ་པོའི་ཕྱག་བྲིས། བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དབྱངས་ཀྱི་ལྷ་ཁང་གི་རྡོ་རིང་ཡི་གེ།
༄། ××××××××××
དགུ་པོ་ཐམས་ཅད××མིང་ཡོད་པ་ཡིན་ཏེ། རི་ལུང་རྣམས་ཀྱི་ཐོ་ཡིག×གཡོན་×པར་བཀོད་པར་རྔོ་མི་ཐོགས། རི་དང་ཕྲེང་ནི་ཤིན་ཏུ་རིང་། ལ་དང་སྒང་ནི་མཐོ་ལ་གཟར། ཁུག་དང་ཕུག་རྣམས་ཟབ་ལ་རིང་། རྒྱངས་རིང་ནས་གྱེན་དུ་བལྟས་ན། བྲག་རི་མང་ལ་ཤིན་ཏུ་གཟར་བ། འཁོར་ཡུག་སྤྲིན་དམར་བརྩིགས་པ་འདྲ་བ། བལྟས་ན་ཟད་མི་ཤེས་པ་ཡི། ཆིང་ལི་ཡང་དགོན་ཞེས་རི་བོ་རྩེ་ལྔ་ལས་ལྷག་པ་ཅི་ཡང་མེད། རི་བོ་རྩེ་ལྔ(འི་དཔངས)ནི་དཔག་ཚད་བཅུ་ཕྲག་དུ་མ་ཡོད། ལ་ལ་ནི་གཞོང་པ་ཁ་སྦུབས་པ་དང་འདྲ། ལ་ལ་ནི་ལམ་གཅའ་དང་འདྲ་བ། ལ་ལ་ནི་བྱ་ཐང་དཀར་ནམ་མཁར་ལྡིང་བ་དང་འདྲ། ལ་ལ་ནི་ཉ་ཆེན་པོའི་རྒྱབ་རྒྱ་མཚོ་ནས་མཐོན་པ་ལྟ་བུ། བྲག་རི་ལྷག་པར་དཔངས་མཐོ་བ་ནི་རྩེ་མོ་རབ་རིབ་ཏུ་མཐོང་བ་ཡིན་ནོ། རླུང་ཆེ་ཞིང་ངད་གྲང་བ། ས་ཡི་དབྱིབས་ནི་ཟབ་ཅིང་དོག་པ། རྒྱངས་རིང་ཐུང་ཀྱང(ཡང)མཉམ་པ་ཡིན། ཡང་ཁོར་ཡ་འཁོར་ཡུག་གི་ནང་མཉམ་ཞིང་དབེན་པའི་སར་ངོ་མཚར་ཡང་དག་པར་ཚོགས་ཤིང་འདུས་པ་ལྷའི་བཞུགས་གནས་སུ་ཤིན་ཏུ་འོས་པ་ཐའི་ཧྭའི་ཞེས་པ་འདི་ལས་ལྷག་པ་ཅི་ཡང་མེད། ཐའི་ཧྭའི་གནས་ནི། རི་བོ་རྩེ་ལྔའི་དབུས་ན་ཡོད། ཤར་ནུབ་ཀྱི་རིས་སྒྲིབས་ནས་ཡོད་ལྷོ་ཕྱོགས་དམའ་ལ་བྱང་ཕྱོགས་མཐོ་བ་མདོར་ན་ཀུན་གྱི(ས)མཁྱུད་པ་དང་འདྲ་བ་དབེན་ཞིང་ཡངས་པ་ནགས་ཚལ་དང་ལྡན་པའི་གནས་སུ་སྔོན་གྱི་ལྷ་ཁང་དང་དགོན་པ་ཡང་མང་བ། བྱང་ཆུབ་སེམས་དཔའ་འཇམ་དབྱངས་འདི་རུ་མངོན་སུམ་དུ་མཐོང་བ་ཡིན་ཞེས་ཟེར་ཞིང་། ལྷ་ཁང་ཤིན་ཏུ་མདངས་དང་ལྡན་པ། དཔངས་མཐོ་ཞིང་ཆེ་བའོ། །ངེས་པར་བྱིན་གྱིས་བརླབས་པའི་ལྷ་ཁང་། སངས་རྒྱས་རྣམས་ཀྱི་བཞུགས་གནས་ངོ་མཚར་ཅན་ཡིན་ནོ། །འོ་སྐོལ་རྒྱལ་སྲིད་ཀྱི་གཞུང་ལུགས་བཟུང་པ་ནས་བཟུངས། ལོ་རེ་བཞིན་ཡོ་བྱད་མཐུན་རྐྱེན་སོགས་བཏང་སྟེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་སྨོན་ལམ་འདེབས་སུ་བཅུག་པ་ཡིན། གནས་འདི་ཤིན་དུ་དབེན་པས། སངས་རྒྱས་ཁོ་ན་སྒྲུབ་ཅིང་མཆོད་པའི་མི་རྣམས་མ་གཏོགས། གཞན་མི་སྡེ་རྣམ་པ་བཞིའི་རིགས་སྡོད་པའི་གནས་མ་ཡིན། ཐག་རིང་ཞིང་ཤིན་ཏུ་གཟར་བ།××××
གོལ་པའི་གནས་ཡིན་པས། ས་ཐག་རིང×བགྲོད་××ཡང་འབྱོར་ལྡན་བསོད་ནམས་བསགས་པ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐུན་མོངས་མ་ཡིན་པ་སྐྱེས་ཏེ། ××མཐའ་དག་ནས་མཁོ་བའི་ཡོ་བྱད་རྒྱུན་མི་ཆད་པར་སྦྱར་ཏེ་འོང་ངོ།། འདི་ན་སྡོད་པའི་སྐྱེ་འགྲོ་རྣམས××བསྟན་པའི་རྗེས་སུ་འབྲངས་ནས་སེམས་དང་སྤྱོད་པ་ཤིན་ཏུ་བསྡམས་ཏེ། རྟག་ཏུ(དགེ་བར)བརྩོན་ཞིང་སངས་རྒྱས་ཀྱི་བསྟན་པའི་རྗེས་འགྲོའོ། །(འདིའི་རྐྱེན་གྱིས་རྗེ་འབངས)ཐམས་ཅད་ཀྱི་སེམས་ཡང×××བསྐུར་བསྟིར་འོས་པའི་གནས་ཡིན(ཞེས)བརྗོད(ཅིང་བརྩི)ཆོག་གོ །×ནུབ་ཕྱོགས×××××གཙུག་ལག་ཁང××××××××ངོས་ལ་ཡི་གེ་བརྐོས་ནས×××××××བདེ་སྐྱིད་ཀྱི་ལོ××××××××××མིང་ངོ།། །།