མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2016-11-25 17:29ལ་འགྲུབ།

མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན།

མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན།
མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན་ཞེས་པའི་དེབ་འདིའི་མ་ཡིག་ནི་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་ཀྱི་སྒྱུར་ཞིབ་པ་གཞོན་པ་ཤེས་འབྱུང་མགོན་པོ་ཚེ་རིང་མཆོག་ནས《མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་ཕྱུགས་སྨན》ཞེས་པ་དཔྱད་གཞིའི་བཟུང་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་རྩོམ་སྒྲིག་གནང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《青藏高原常见中草药》
སྒྲིག་པ་པོ།
ཤེས་འབྱུང་མགོན་པོ་ཚེ་རིང་།
དཔེ་སྐྲུན་ཁང་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2012ལོའི་ཟླ4པ།
1 ནང་དོན་མདོར་བསྡུས།

དེབ་འདིའི་ནང་དུ་སྒྲིག་པ་པོས་མཚོ་བོད་ས་མཐོའི་རྒྱུན་མཐོང་སྔོ་སྨན་སྣེ་གྲངས་ཆིག་སྟོང་ལྷག་ཙམ་བསྡུ་རུབ་གནང་ནས་དེ་དག་གི་ཐ་སྙད་མང་པོ་ཞིག་ལ་བོད་ལུགས་གསོ་རིག་གཞུང་ལུགས་ལས་དཔྱད་ཞིབ་གང་མང་མཛད་འདུག་པ་དང་། མིང་ཚིག་མང་པོ་ཞིག་བོད་ལུགས་སྔོ་སྨན་གྱི་མིང་ཚིག་བེད་སྤྱད་པ་མ་ཟད་ཞིབ་ཕྲའི་དོན་མང་པོ་ཞིག་གི་ཐོག་བོད་ལུགས་གསོ་རིག་གི་གྲགས་ཅན་ཚད་ལྡན་གནའ་དཔེ《ཤེལ་གོང་ཤེལ་ཕྲེང》ནང་གི་སྨན་གྱི་ངོས་འཛིན་དང་མིང་ཚིག་ཁག་ལ་ལུང་འདྲེན་གྱི་རྒྱབ་རྟེན་བཅོལ་ནས་རྩོམ་འབྲི་གནང་བ་མ་ཟད་རྩོམ་ཚུལ་ཐད་ལ་བཅད་ལྷུག་སྤེལ་མའི་ཐོག་ནས་བཀོད་འདུག བོད་ལུགས་དང་ཀྲུང་ལུགས་སྨན་རྫས་རིག་པའི་ཐོག་ནས་ཕྱིར་འགྲོལ་གྱི་སྨན་དང་ཚ་བ་སེལ་བའི་སྨན། འབམ་གྲུམ་སེལ་བའི་སྨན། དབུགས་གསོ་བའི་སྨན། ཁྲག་གསོ་བའི་སྨན། ཚ་གདུག་སེལ་བའི་སྨན། ཕོ་བ་གསོ་ཞིང་ཟས་འཇུ་བྱེད་ཀྱི་སྨན། དྲི་ཆུ་འབབ་བདེའི་སྨན། བཤལ་སྨན་དང་ཆུ་འབེབས་པའི་སྨན། བཅུད་ལེན་གྱི་སྨན། འདུལ་འདྲིལ་གྱི་སྨན། གློ་འཇོམས་ལུད་འགོག་དབུགས་བདེའི་སྨན། ན་ཟུག་གཅོག་པའི་སྨན། གྲང་བ་སེལ་བའི་སྨན། མཆིན་པ་དྭངས་ཤིང་མིག་གསལ་བའི་སྨན། འབུ་སེལ་བའི་སྨན། ཕྱིར་སྤྱོད་ཀྱི་སྨན། ཕྱི་བྱུགས་ཀྱི་སྨན། སྐྱུག་སྐུལ་སྨན་དང་གཞན་དག་བཅས་སྔོ་སྨན་སོ་སོའི་དངོས་མིང་དང་མིང་གཞན། ངོས་འཛིན་ཁྱད་ཆོས། རོ་ནུས། སྐྱེ་གནས། འཐུ་བསྡུ་ལས་སྣོན་ལ་སོགས་ལེའུ་བཅོ་བརྒྱད་ཙམ་གྱི་ཐོག་ནས་སྨན་རྫས་སོ་སོའི་ནང་དོན་ཁག་གསལ་བར་བརྗོད་ཡོད།