དགེ་རྒན།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2016-11-14 17:03ལ་འགྲུབ།

དགེ་རྒན།

རང་ལ་ཤེས་ཡོན་སློབ་ཁྲིད་བྱེད་མཁན་གྱི་མི་ལ་ཟེར།
1 ལོ་ཙཱ།

རྒྱ་ཡིག 老师,教师

དབྱིན་ཡིག teacher

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  རང་ལ་ཡི་གེ་སོགས་སློབ་ཁྲིད་བྱེད་མཁན་གྱི་མི་སྟེ། སློབ་གྲྭའི་དགེ་རྒན། སྐད་ཡིག་དགེ་རྒན་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  སློབ་དཔོན་ལྟ་བུ། 师长,教师。【增】①担保,保证。②对所照料者的道德负责的僧人。③宗教行辈中的老人,长老。﹝达﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  དགེ་བའི་ཕྱོགས་སྟོན་པ་སྟེ།  སློབ་ཚན་ཁྲིད་མཁན་གྱི་དོན།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སློབ་དཔོན། 师傅,老师,师长。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག སློབ་གྲྭ་སོགས་སུ་ཤེས་ཡོན་སློབ་ཁྲིད་བྱེད་མཁན་གྱི་མི་ལ་ཟེར། དཔེར་ན། ང་དགེ་རྒན་ཞིག་ཡིན། དགེ་རྒན་གྱི་ལས་རིགས་ནི་གཟི་བརྗིད་ཆེ་བའི་ལས་རིགས་ཤིག་རེད་ལྟ་བུ།