པོ་དབྱི་ཨེར།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-10-17 16:25ལ་འགྲུབ།

པོ་དབྱི་ཨེར།

པོ་དབྱི་ཨེར།
དེང་རབས་རྫས་འགྱུར་རིག་པའི་རྨང་འདིང་མཁན་ལུའོ་པོ་ཐེ·པོ་དབྱི་ཨེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗伯特·波义耳
དབྱིན་ཇིའི་མིང་།
Robert Boyle
འཁྲུངས་འདས་ཀྱི་ལོ་ཚིགས།
1627ལོའི་ཟླ1པའི་ཚེས25-1691ལོའི་ཟླ12པའི་ཚེས31
རྒྱལ་ཁབ།
དབྱིན་ཇི།
མཛད་རྗེས་གཙོ་བོ།
1.པོ་དབྱི་ཨེར་གཏན་སྲོལ། 2.སྟོང་སངས་ཆུ་འདྲེན་ཆས་ཀྱི་གཞུང་ལུགས་བཏོན་པ། 3.ལྗིད་སྡུར་རྩིས་ཆས། 4.འབར་ལུན་གསར་བཟོ་བྱས།
འཐུས་ཚབ་བརྩམས་ཆོས།
1.《རྡུལ་ཕྲན་གྱི་མཚན་ཉིད་རིག་པ་གླེང་བ》 2.《རྫས་འགྱུར་ལ་ཐེ་ཚོམ་ཟ་བ》 3.《དངོས་ལུགས་རིག་པ་གསར་བ་སྟེ། ཤུགས་རིག་པའི་ཚོད་ལྟ་ཡིས་མཁའ་རླུང་གི་ལྡེམ་གཤིས་དང་ནུས་སྣང་ཁོང་དུ་ཆུད་པ》བཅས་སོ།།
1 ངོ་སྤྲོད་མདོར་བསྡུས།

ལུའོ་པོ་ཐེ·པོ་དབྱི་ཨེར(Robert Boyle,罗伯特·波义耳)ནི་སྤྱི་ལོ1627ལོའི་ཟླ1པའི་ཚེས25ལ་ཨིར་ལན་གྱི་པུའུ་ལིའེ་ཏེན་ས་ཆའི་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། སྤྱི་ལོ1691ལོའི་ཟླ12པའི་ཚེས31ཉིན། པོ་དབྱི་ཨེར་ལོན་ཏོན་ནས་སྐུ་གཤེགས།

2 མཛད་རྗེས་གཙོ་བོ།

པོ་དབྱི་ཨེར་ནི་དབྱིན་ཇིའི་རང་བྱུང་མཚན་ཉིད་རིག་པ་བ་དང་། རྒྱལ་ཚང་སློབ་ཚོགས་གསར་འཛུགས་མཁན་གཙོ་བོ་ཡིན། ཁོང་གི་མཛད་རྗེས་གཙོ་བོ་ནི1652ནས1654ལོའི་བར། 《རྡུལ་ཕྲན་གྱི་མཚན་ཉིད་རིག་པ་གླེང་བ》ཞེས་པའི་རྩོམ་ཡིག་སྤེལ་ཏེ། ཐེངས་དང་པོར་སྲ་གཟུགས་དངོས་པོ་ནི་རྫས་འགྱུར་ཡིན་པའི་བསམ་བློ་བསྟན་པར"རྫས་འགྱུར"ཞེས་པའི་ཐ་སྙད་བྱུང་བ་དང་། སྤྱི་ལོ1661ལོར་ཁོས་གསར་བརྗེ་རང་བཞིན་ལྡན་པའི་རྫས་འགྱུར་གྱི་གཞུང་སྟེ། 《རྫས་འགྱུར་ལ་ཐེ་ཚོམ་ཟ་བ》ཞེས་པ་བརྩམས་ནས་དེང་རབས་རྫས་འགྱུར་རིག་པའི་རྨང་བཏིང་བར་མ་ཟད། གཞན་ཡང《དངོས་ལུགས་རིག་པ་གསར་བ་སྟེ། ཤུགས་རིག་པའི་ཚོད་ལྟ་ཡིས་མཁའ་རླུང་གི་ལྡེམ་གཤིས་དང་ནུས་སྣང་ཁོང་དུ་ཆུད་པ》ཞེས་པའི་དཔྱད་རྩོམ་སྤེལ་ཏེ། པོ་དབྱི་ཨེར་གཏན་སྲོལ་དང་སྟོང་སངས་ཆུ་འདྲེན་ཆས་ཀྱི་གཞུང་ལུགས་བཏོན་པས་སྙན་གྲགས་རྒྱས། ཁོས་ད་དུང་ལྗིད་སྡུར་རྩིས་ཆས་དང་འབར་ལུན་གསར་བཟོ་བྱས།