ཧྥ་རན་སེའི་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་དང་། གྲངས་རིག་པ་བ། དངོས་ལུགས་རིག་པ་བ། གསར་གཏོད་མཁན་པུའུ་ལེ་སི·ཕ་སི་ཁ(Blaise Pascal,布莱士·帕斯卡)ནི་སྤྱི་ལོ1623ལོའི་ཟླ6པའི་ཚེས19ཉིན་ཧྥ་རན་སེའི་ཁོ་ལི་མེང(Clermont克莱蒙 )ཞེས་པར་སྐུ་འཁྲུངས། སྤྱི་ལོ1662ལོའི་ཟླ8པའི་ཚེས19ཉིན། ཕ་སི་ཁའི་ཕོ་བ་གློ་བུར་དུ་སྦོས་ཤིང་ཟུག་གཟེར་དྲག་པོ་བྱུང་བར་རྐྱེན་བྱས་ཏེ། དགུང་ལོ39སྟེང་ཕ་རི་སིར་སྐུ་གཤེགས།
ལོ12ནས་དབྱིབས་རྩིས་རིག་པ་རང་སྦྱོང་བྱེད་པའི་མགོ་བརྩམས་ཤིང་། སྔ་ཕྱིར་ཟུར་གསུམ་མའི་ནང་ཟུར་གསུམ་གྱི་སྡོམ་གྲངས་ནི་དྲང་ཟུར་གཉིས་དང་མཚུངས་པ་ར་སྤྲོད་དང་། སྒོར་སྙུང་འཁྱོག་ཐིག་གི་ནང་འབྲེལ་མཐའ་དྲུག་དབྱིབས་གཏན་སྲོལ་སོགས་འདུས་པའི་འཕྲོ་གྲིབ་དབྱིབས་རྩིས་རིག་པའི་སྐོར་གྱི་དཔྱད་རྩོམ། གཞན་ཡང་ཐེངས་གཉིས་འཁྱོག་ཐིག་གི་ཐིག་དུམ་བཤད་པ་ཞེས་པའི་གཞུང་རྩོམ་སྤེལ་ཏེ། གྲངས་རིག་པའི་ཐད་ནས་བྱས་རྗེས་བཞག 1647ལོ་ནས་བཟུང་ཕ་སི་ཁས་རླུང་ཁམས་ཆེན་པོའི་གནོན་ཤུགས་ཐད་ཀྱི་ཚོད་ལྟ་རབ་དང་རིམ་པ་བྱས་ཏེ། རྒྱུག་གཟུགས་ཞི་ཤུགས་རིག་པའི་རྨང་བཏིང་བས། ཁོའི་མཚན་ཟུར་ལས་རླུང་གནོན་ཆེན་པོའི་ཤུགས་ཀྱི་ཚད་འཇལ་རྩིས་གཞི་ལ"ཕ"(帕)ཞེས་འབོད། ཁོས་ད་དུང་ཐབས་བཞིའི་བསྲེས་རྩིས་ཀྱི་ནུས་པ་ལྡན་པའི་རྩིས་རྒྱག་ཆས་ཀྱང་གསར་གཏོད་བྱས།