ཏི་ཁ་ཨེར།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-10-17 16:32ལ་འགྲུབ།

ཏི་ཁ་ཨེར།

ཏི་ཁ་ཨེར།
ཞིབ་འགྲེལ་དབྱིབས་རྩིས་རིག་པའི་སྲོལ་འབྱེད་མཁན་ཏི་ཁ་ཨེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
勒内·笛卡儿
དབྱིན་ཇིའི་མིང་།
Rene Descartes
འཁྲུངས་འདས་ཀྱི་ལོ་ཚིགས།
1596.3-1650.2
རྒྱལ་ཁབ།
ཧྥ་རན་སེ།
མཛད་རྗེས་གཙོ་བོ།
ཞིབ་འགྲེལ་དབྱིབས་རྩིས་ཀྱི་སྲོལ་ཕྱེས་པ།
1 ངོ་སྤྲོད་མདོར་བསྡུས།

རང་ན·ཏི་ཁ་ཨེར(Rene Descartes,勒内·笛卡儿)རམ་མིང་གཞན་ལ་རང་ན་ཐུའུ་སི·ཁ་ཐི་ཞིའུ་སི་ནི་གྲངས་རིག་པ་དང་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན། སྤྱི་ལོ1596ལོའི་ཟླ3པའི་ཚེས31ཉིན་ཧྥ་རན་སེ་རྒྱབ་ཁབ་ཀྱི་ཐུའུ་ལ་ནེ་ལ་ཧའེ(Touraine at 图赖讷拉海)ཞེས་པའི་ས་ཆར་སྐུ་འཁྲུངས། སྤྱི་ལོ1649ལོར་ཏི་ཁ་ཨེར་གྱི་མཚན་སྙན་ཕྱོགས་བཞིར་ཁྱབ་པས། སུའེ་ཏེན་རྒྱལ་ཁབ་ཀྱི་རྒྱལ་མོ་ཁོ་ལེ་སི་ཏི་ན་ཡིས་རང་གི་དགེ་རྒན་དུ་གདན་དྲངས། སུའེ་ཏེན་རྒྱལ་ཁབ་ཏུ་དཔེ་ཁྲིད་གནང་སྐབས་སི་ཐོག་ཁོར་མོ་ཡུལ་གྱི་གྲང་ངར་ཕོག་པ་ལ་རྐྱེན་བྱས་ནས་གློ་ནད་བྱུང་སྟབས། སྤྱི་ལོ1650ལོའི་ཟླ2པའི་ཚེས11སྟེ། དགུང་ལོ54སྟེང་སྐུ་གཤེགས།

2 མཛད་རྗེས་གཙོ་བོ།

ཁོང་གིས་ཞིབ་འགྲེལ་དབྱིངས་རྩིས་གསར་དུ་བཏོན་ཏེ། ཚབ་རྩིབ་རིག་པའི་གནད་དོན་དེ་དབྱིབས་རྩིས་རིག་པར་བསྒྱུར་ཅིང་། གྲངས་རིག་ལ་སྔར་བས་རྣམ་འབྱེད་རིག་འདེད་ཀྱི་རང་བཞིན་དང་བར་སྟོང་གི་དོན་སྤྱི་ལྡན་དུ་བཅུག་པར་མ་ཟད། xདངyམདའ་ཐིག་གིས་གྲུབ་པའི་གནས་ཚད་མ་ལག་དང་། ཟུར་གསུམ་དབྱིབས་ཀྱི་ནང་ཟུར་སྡོམ་གྲངས180°ཡིན་པ་གསར་དུ་ཤེས་པས། ཞིབ་འགྲེལ་དབྱིབས་རྩིས་ཀྱི་སྲོལ་འབྱེད་མཁན་ཞེས་འབོད།