ཧ་ཝེ།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-10-17 16:26ལ་འགྲུབ།

ཧ་ཝེ།

ཧ་ཝེ།
ཉེ་རབས་ལུས་ཁམས་རིག་པའི་འཕེལ་རྒྱས་ལ་རྨང་འདིང་མཁན་ཝེ་ཅན·ཧ་ཝེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
威廉·哈维
དབྱིན་ཇིའི་མིང་།
William Harvey
འཁྲུངས་འདས་ཀྱི་ལོ་ཚིགས།
1657.6-1578.4
རྒྱལ་ཁབ།
དབྱིན་ཇི།
མཛད་རྗེས་གཙོ་བོ།
ཁྲག་རྒྱུན་འཁོར་རྒྱུག་གི་ཆོས་ཉིད་དང་སྙིང་གི་བྱེད་ནུས་ཤེས་རྟོགས་བྱུང་སྟེ། ཚེ་སྲོག་གསར་བའི་ཚན་རིག་ཞིབ་འཇུག་གི་མགོ་རྩོམ་དུ་བཅུག་པ།
1 ངོ་སྤྲོད་མདོར་བསྡུས།

དུས་རབས17པའི་ནང་གི་ལུས་ཁམས་རིག་པ་དང་སྨན་པ་གྲགས་ཅན་ཝེ་ཅན·ཧ་ཝེ(William Harvey,威廉·哈维)ནི་སྤྱི་ལོ1578ལོའི་ཟླ4བའི་ཚེས1ཉིན་དབྱིན་ཇིའི་ཁིན་ཐེ་ཅུན(Kent County,肯特郡)ས་ཆར་སྐུ་འཁྲུངས། སྤྱི་ལོ1657ལོའི་ཟླ6པའི་ཚེས3ཉིན་གྱི་མཚན་མོ་གྲིབ་ཕོག་པ་ལ་རྐྱེན་བྱས་ནས་སྐུ་གཤེགས།

2 མཛད་རྗེས་གཙོ་བོ།

ཁོས་ཁྲག་རྒྱུན་འཁོར་རྒྱུག་གི་ཆོས་ཉིད་དང་སྙིང་གི་བྱེད་ནུས་ཤེས་རྟོགས་བྱུང་སྟེ། ཚེ་སྲོག་གསར་བའི་ཚན་རིག་ཞིབ་འཇུག་གི་མགོ་རྩོམ་དུ་བཅུག་པས། ཧ་ཝེ་ལ་ཉེ་རབས་ལུས་ཁམས་རིག་པའི་འཕེལ་རྒྱས་ལ་རྨང་འདིང་མཁན་ཞེས་འབོད། ཁོང་གི་ཞིབ་འཇུག་གི་གྲུབ་འབྲས་ལ་རྐྱེན་བྱས་ཏེ། ཁྱབ་ཁོངས་འདིའི་ཐད་ནས་གསར་བརྗེ་ཐེངས་ཤིག་བསླངས།