ཁའེ་ཕུའུ་ལེ།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-10-17 16:25ལ་འགྲུབ།

ཁའེ་ཕུའུ་ལེ།

ཁའེ་ཕུའུ་ལེ།
དེང་རབས་དངོས་བཤེར་འོད་རིག་པའི་རྨང་འདིང་མཁན་ཡུའེ་ཧན་ཉི་སི·ཁའེ་ཕུའུ་ལེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
约翰尼斯·开普勒
དབྱིན་ཇིའི་མིང་།
Johanns Ke-pler
འཁྲུངས་འདས་ཀྱི་ལོ་ཚིགས།
1571.12-1630.11
རྒྱལ་ཁབ།
འཇར་མན།
མཛད་རྗེས་གཙོ་བོ།
རྒྱུ་སྐར་འཁོར་སྐྱོད་བྱེད་པའི་གཏན་སྲོལ་གསུམ་སྟེ། འཁོར་ལམ་གཏན་སྲོལ་དང་། རྒྱ་ཁྱོན་གཏན་སྲོལ། འཁོར་ཡུན་གཏན་སྲོལ་བཅས་གསར་དུ་བཏོན།

1 ངོ་སྤྲོད་མདོར་བསྡུས།

དེང་རབས་དངོས་བཤེར་འོད་རིག་པའི་རྨང་འདིང་མཁན་ཡུའེ་ཧན་ཉི་སི·ཁའེ་ཕུའུ་ལེ(Johanns Ke-pler,约翰尼斯·开普勒)ནི་འཇར་མན་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་གནམ་དཔྱད་རིག་པ་བའི་ཁྲོད་ཀྱི་གཅིག་ཡིན། སྤྱི་ལོ1571ལོའི་ཟླ12པའི་ཚེས27ཉིན་ཧྲིའུ་ཝ་པི་ཡ(Swabia斯瓦比亚)ཞེས་པའི་ས་ཆར་སྐུ་འཁྲུངས། སྤྱི་ལོ1630ལོའི་ཟླ11པའི་ཚེས15ཉིན། ཁའེ་ཕུའུ་ལེ་ཡི་སྙུང་གཞི་ཇེ་དྲག་ཏུ་ཕྱིན་ནས་ལའེ་ཀེན་སི་པའོ(Regensburg雷根斯堡)ཞེས་པར་སྐུ་གཤེགས།

2 ​མཛད་རྗེས་གཙོ་བོ།

ཁོང་གི་མཛད་རྗེས་གཙོ་བོ་ནི་རྒྱུ་སྐར་འཁོར་སྐྱོད་བྱེད་པའི་གཏན་སྲོལ་གསུམ་སྟེ། འཁོར་ལམ་གཏན་སྲོལ་དང་། རྒྱ་ཁྱོན་གཏན་སྲོལ། འཁོར་ཡུན་གཏན་སྲོལ་བཅས་གསར་དུ་བཏོན་ཏེ། ཁོ་པེ་ཉི་ཡི་ཉི་ལྟེ་སྨྲ་བར་ཡིད་རྟོན་རུང་ཆོག་པར་བདེན་དཔང་དང་། ཉིའུ་ཏུན་གྱི་ཀུན་ལྡན་འགུག་ཤུགས་གསར་རྙེད་བྱུང་བར་རྨང་བཏིང་། དེ་མཚུངས་སུ་འོད་རིག་པ་དང་། གྲངས་རིག་པའི་ཐད་ནས་ཀྱང་བྱས་རྗེས་མི་དམན་པ་བཞག