ཨ་ཝེ་སན་ན།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-09-21 09:11ལ་འགྲུབ།

ཨ་ཝེ་སན་ན།

ཨ་ཝེ་སན་ན།
ཤེས་བྱ་ཀུན་ཁྱབ་ལྟ་བུའི་གསུང་རབ《མཚན་ཉིན་རིག་པ། ཚན་རིག་ཀུན་འདུས》དང་། གསོ་རིག་གི་གཞུང་ཀུན་གྱི་སྙིང་བཅུད《སྨན་གཞུང》 གཞན་ཡང་གཏན་ཚིགས་དང་རང་བྱུང་ཚན་རིག གྲངས་རིག གནམ་དཔྱད། རོལ་མོ་སོགས་ཀྱི་བརྗོད་བྱ་འདུས་པའི《སྨན་བཅོས་ཐབས》བཅས་ཀྱི་མཛད་པ་པོ་ཨ་ཝེ་སན་ན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿维森纳
དབྱིན་ཇིའི་མིང་།
Avicenna
འཁྲུངས་འདས་ཀྱི་ལོ་ཚིགས།
980 AD~1037 AD
རྒྱལ་ཁབ།
ཝུའུ་སི་པིའེ་ཁོ་སི་ཐན།
མཛད་རྗེས་གཙོ་བོ།
ཤེས་བྱ་ཀུན་ཁྱབ་ལྟ་བུའི་གསུང་རབ《མཚན་ཉིན་རིག་པ། ཚན་རིག་ཀུན་འདུས》དང་། གསོ་རིག་གི་གཞུང་ཀུན་གྱི་སྙིང་བཅུད《སྨན་གཞུང》  གཞན་ཡང་གཏན་ཚིགས་དང་རང་བྱུང་ཚན་རིག  གྲངས་རིག  གནམ་དཔྱད། རོལ་མོ་སོགས་ཀྱི་བརྗོད་བྱ་འདུས་པའི《སྨན་བཅོས་ཐབས》གསུམ་མཛད་པ།
འཐུས་ཚབ་བརྩམས་ཆོས།
1.《མཚན་ཉིན་རིག་པ། ཚན་རིག་ཀུན་འདུས》 2.《སྨན་གཞུང》
1 ངོ་སྤྲོད་མདོར་བསྡུས།

ཨ་ཝེ་སེན་ན(Avicenna,阿维森纳980 AD~1037 AD)ཡི་མིང་གཞན་ལ་དབྱི་པུན·ཞི་ན(Ibn Sina,伊本·西纳)ཟེར་ཞིང་། ཡ་གླིང་དབུས་མའི་པུའུ་ཧྭ་ལ(Bukhara,布哈拉)ཉེ་འདབས་ཀྱི་ཨ་ཧྥུ་ཧྲན་ན་སྟེ། དེང་གི་ཝུའུ་སི་པིའེ་ཁོ་སི་ཐན་གྱི་ཁོངས་གཏོགས་ཁོ་མའེ་ཏིང(Kharmaithen)ཞེས་པར་སྐུ་འཁྲུངས།

2 མི་ཚེའི་བརྒྱུད་རིམ།

ཁོང་ལ་དྲན་ཤེས་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད་པས། ལོ10སྟེང《ཁུ་རན་གསུང་རབ》(古兰经)དང་། ཨ་རབ་པའི་སྙན་ཚིག་མང་བོ་བློར་ངེས། ཁོས་སྔ་ཕྱིར་གཏན་ཚིགས་རིག་པ་དང་། གཟུགས་འདས་རིག་པ། གསོ་བ་རིག་པ། གཞན་ཡང་ཀེ་རི་སེ་དང་དབྱི་སི་ལན་གྱི་གཞུང་རྩོམ་དུ་མར་ཐོས་བསམ་བྱས་མཐར། ཤུགས་རྐྱེན་ཆེ་བའི་ཚན་རིག་པ་དང་། མཚན་ཉིད་རིག་པ་བ། སྙན་ངག་པ། རོལ་མོ་བ། ཁྱད་དུ་འཕགས་པའི་སྨན་པ་ཞིག་ཏུ་གྱུར།

3 མཛད་རྗེས་གཙོ་བོ།

ཁོང་ལ་བརྩམས་ཆོས200ལྷག་ཡོད་ཀྱང་། དེ་ལས་མིང་དུ་གྲགས་པ་ནི《མཚན་ཉིན་རིག་པ། ཚན་རིག་ཀུན་འདུས》『哲学、科学大全』ཞེས་པ་སྟེ། དུས་སྐབས་དེར་ཚད་མཐོ་བའི་ཤེས་བྱ་ཀུན་ཁྱབ་ལྟ་བུའི་དཔེ་དེབ་དང་། གསོ་རིག་གི་གཞུང་ཀུན་གྱི་སྙིང་བཅུད་དེ། དུས་རབས17པར་ནུས་ཕྱོགས་རྒྱལ་ཁབ་ཀྱིས་གསོ་རིག་གི་གསུང་རབ་ཏུ་བརྩིས་པ་དང་། དེང་སྐབས་ད་དུང་ཟུར་ལྟའི་རིན་ཐང་ལྡན་པའི《སྨན་གཞུང》『医典』 གཞན་ཡང་གཏན་ཚིགས་དང་། རང་བྱུང་ཚན་རིག གྲངས་རིག གནམ་དཔྱད། རོལ་མོ་སོགས་ཀྱི་བརྗོད་བྱ་འདུས་པའི《སྨན་བཅོས་ཐབས》『论治疗』ཞེས་པ་བརྩམས་ཏེ། མིའི་རིགས་ཤེས་རིག་གི་ལམ་དུ་བསྐྱོད་པར་བྱས་རྗེས་བཞག