ཨ་ཨེར-ཀ་ལི་ཅི་སྨི(Al-Khwarizmi,阿尔-花拉子密 783 AD~ 850 AD)ནི་ཏ་ཟིག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཏེ། དེང་གི་ཝུའུ་སི་པིའེ་ཁོ་སི་ཐན་གྱི་ཁོངས་གཏོགས་ཀ་ལི་ཅི་མུའུ(Khwarizm,花拉子模)ཞེས་པར་སྐུ་འཁྲུངས། ཀ་ལི་ཅི་སྨི་ཞེས་ཀྱང་འབོད།
ཁོང་སྔ་ཕྱིར་ཡ་ཞི་ཡ་དབུས་མ་དང་། ཀ་སྨིར། ཧིན་རྡུ་སོགས་སུ་སློབ་གཉེར་དུ་ཕྱིན་མཐར། མིང་དུ་གྲགས་པའི་གྲངས་རིག་པ་བ་དང་། གནམ་དཔྱད་རིག་པ་བ། ས་རྒྱུས་རིག་པ་བ་ཞིག་ཏུ་གྱུར། སྤྱི་ལོ830ལོར། ཁོས་ཚན་རིག་པ70ལྷག་རྩ་འཛུགས་བྱས་ཏེ། ཅུང་ཚད་ལྡན་ཡིན་པའི་འཛམ་གླིང་གི་ས་ཁྲ་ཐོག་མ་བྲིས།
ཁོས་གྲངས་རིག་ཁྲོད་དུ"རྩི་ཐབས"ཀྱི་དོན་སྤྱི་དྲངས་པས་སྙན་པ་རྒྱས་ཤིང་། ཁོང་གི་མཚན་ལས"རྩི་ཐབས"(Algorism,算法)ཞེས་པའི་མིང་ཐོགས། ཁོས"རྩི་ཐབས"སུ་ཨ་རབ་ཨང་ཀི་དང་། རྩི་ཐབས་ཀྱི་བརྡ་རྟགས། གྲངས་ཆའི་མཚོན་ཚུལ་སོགས་བཀོལ་པར་མ་ཟད། ཆེས་ཐོག་མར"0"གྲངས་རྩི་བའི་མ་ལག་ཏུ་བཞག་སྟེ། ཚབ་རྩིས་རིག་པའི་རྣམ་པ་ཅན་གྱི་མ་ལག་བཙུགས་ཤིང་། རྒྱུ་གཅིག་ཐེངས་གཅིག་མཉམ་བྱ་དང་། རྒྱུ་གཅིག་ཐེངས་གཉིས་མཉམ་བྱའི་ཞིབ་འགྲེལ་བྱེད་ཐབས་སྲོལ་བཏོད་པས། ཁོང་ལ་ཚབ་རྩིས་རིག་པའི་སྲོལ་གཏོད་མཁན་ཞེས་འབོད།