ཨའེ་ལ་ཐུའོ་སེ་ཉི།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-09-21 09:09ལ་འགྲུབ།

ཨའེ་ལ་ཐུའོ་སེ་ཉི།

ཨའེ་ལ་ཐུའོ་སེ་ཉི།
ས་རྒྱུས་རིག་པའི་ཤིང་རྟའི་སྲོལ་འབྱེད་ཨའེ་ལ་ཐུའོ་སེ་ཉི།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
埃拉托色尼
དབྱིན་ཇིའི་མིང་།
Eratosthenes
འཁྲུངས་འདས་ཀྱི་ལོ་ཚིགས།
275 BC~193 BC
རྒྱལ་ཁབ།
ལི་པེ་ཡ།
མཛད་རྗེས་གཙོ་བོ།
1.ས་རྒྱུས་རིག་པའི་སྲོལ་ཕྱེས་པ། 2.ས་འཇའ་རིག་པ། 3.ས་རྒྱུས་རིག་པ་ཞེས་པའི་ཐ་སྙད་གསར་དུ་བཏོན་པ།
འཐུས་ཚབ་བརྩམས་ཆོས།
ས་རྒྱུས་རིག་པའི་རྣམ་གཞག
1 ངོ་སྤྲོད་མདོར་བསྡུས།

ཨའེ་ལ་ཐུའོ་སེ་ཉི(Eratosthenes,埃拉托色尼275 BC~193 BC)ནི་ཧྥེ་གླིང་བྱང་ཕྱོགས་སུ་ཀེ་རི་སེའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ཡུལ་ཏེ། དེང་གི་ལི་པེ་ཡ་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཞི་ལེ་ཉི(cyrene,昔勒尼)ཞེས་པར་སྐུ་འཁྲུངས། 

2 མཛད་རྗེས་གཙོ་བོ།

ཨའེ་ལ་ཐུའོ་སེ་ཉེ་མཚན་ཉིད་རིག་པ་དང་། སྙན་ངག གནམ་དཔྱད་རིག་པ། ས་རྒྱུས་རིག་པར་མཁས་ཀྱང་། ས་རྒྱུས་རིག་པ་དང་། གནམ་དཔྱད་རིག་པའི་ཐད་ནས་མ་གཏོགས་གྲུབ་འབྲས་ཆེན་པོ་མེད། ཁོང་ལ་ནུབ་གླིང་དུ"ས་རྒྱུས་རིག་པའི་ཤིང་རྟའི་སྲོལ་འབྱེད"ཅེས་སུ་འབོད། རྒྱུ་མཚན་ནི་ཁོས་ས་འཇལ་རིག་པ་དང་། ས་རྒྱུས་རིག་པའི་ཐད་ནས་བྱས་རྗེས་བཞག་པར་མ་ཟད། ཆེས་ཐོག་མར"ས་རྒྱུས་རིག་པ"ཞེས་པའི་ཐ་སྙད་གསར་དུ་བཏོན་ཞིང་། 《ས་རྒྱུས་རིག་པའི་རྣམ་གཞག》ཅེས་པའི་དཔེ་མིང་དུ་བཀོལ། དེ་ནི་ས་རྒྱུས་རིག་པ་ཞེས་པའི་ཐ་སྙད་ཐོག་མར་བྱུང་བ་དང་བཀོལ་སྤྱོད་བྱས་པ་དེ་ཡིན་ལ། རིམ་གྱིས་དར་ཁྱབ་ཏུ་སོང་ནས་ནུབ་ཕྱོགས་རྒྱལ་ཁབ་དག་གི་སྤྱི་སྤྱོད་གྱི་རིག་གཞུང་ཐ་སྙད་ཅིག་ཏུ་གྱུར།