ཀའེ་ལུན།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-09-21 09:09ལ་འགྲུབ།

ཀའེ་ལུན།

ཀའེ་ལུན།
གནའ་རབས་རོ་མའི་དུས་སྐབས་ཀྱི་མིང་དུ་གྲགས་པའི་གསོ་རིག་མཁན་པོ་ཀའེ་ལུན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
盖伦
དབྱིན་ཇིའི་མིང་།
Galen
འཁྲུངས་འདས་ཀྱི་ལོ་ཚིགས།
129 AD~199 AD
རྒྱལ་ཁབ།
རོ་མ།
མཛད་རྗེས་གཙོ་བོ།
ཞི་པོ་ཁུ་ལ་ཏེ་ཡི་གསོ་རིག་གཞུང་ལུགས་རིག་རྩལ་བསྐྱར་དར་གྱི་བར་དུ་བརྒྱུད་སྤྲོད་བྱས་པས། མི་རྣམས་ཀྱིས་ཁོ་ལ་ཞི་པོ་ཁོ་ལ་ཏི་གཉིས་པ་ཞེས་སུ་འབོད།
1 ངོ་སྤྲོད་མདོར་བསྡུས།

ཀའེ་ལུན(Galen,盖伦129 AD~199 AD)ནི་ཡ་ཞི་ཡ་ཆུང་བའི་ཨེ་ཅིན་མཚོའི་འགྲམ་དུ་བཟོ་བཀོད་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས།

2 མི་ཚེའི་བརྒྱུད་རིམ།

ཁོང་ཉིད་ཆུང་དུས་བཟོ་ལས་དང་། གནམ་དཔྱད་རིག་པ། སྐར་དཔྱད་བྱེད་ལུགས། མཚན་ཉིད་རིག་པ་སོགས་ལ་མོས་པ་ལྡན་ཡང། ནར་སོན་རྗེས་གསོ་བ་རིག་པར་སྦྱང་ཆེད། སྔ་ཕྱིར་ཡེ་ཙུ་སྨི་ཨར(伊兹密尔)དང་། ཁི་ལིན་སི།(科林斯) ཡ་ལི་ཧྲན་ཏ(亚历山大)སོགས་སུ་ཕྱིན་ཏེ། ལོ་ངོ་ཉི་ཤུ་རིང་ལ་སློབ་གཉེར་བྱས་པས། གནའ་རབས་རོ་མའི་དུས་སྐབས་ཀྱི་མིང་དུ་གྲགས་པའི་གསོ་རིག་མཁན་པོ་ཞིག་ཏུ་གྱུར། སྤྱི་ལོ157ལོར་ཕྱིར་པུའུ་ཅ་མོའུ(别迦摩)རུ་ལོག་པར་མ་ཟད། ས་དེའི་དམར་འཛིང་མཁན་གསོ་སྐྱོང་བྱེད་སའི་སློབ་གྲྭ་ཞིག་ཏུ་ལོ་གསུམ་ལྷག་ལ་སྨན་པ་བྱས་པས། ཁོང་ལ་དུས་ཡུན་དེའི་ནང་རྨས་སྐྱོན་དང་རྨ་ཁ་གསོ་ཐབས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པར་གྱུར།

3 མཛད་རྗེས་གཙོ་བོ།

ཁོས་རྨ་ཁ་ལ"ལུས་པོ་རུ་ཞུགས་སའི་སྒེའུ་ཁུང"ཞེས་ཟེར་ཞིང་། ཞི་པོ་ཁོ་ལ་ཏི་ཡི་གསོ་རིག་གཞུང་ལུགས་རིག་རྩལ་བསྐྱར་དར་གྱི་བར་དུ་བརྒྱུད་སྤྲོད་བྱས་པས། མི་རྣམས་ཀྱིས་ཁོ་ལ་ཞི་པོ་ཁོ་ལ་ཏི་གཉིས་པ་ཞེས་སུ་འབོད།