ཁྱབ་པ་ཁས།སྔ་མའི་པར་གཞི་དེ ཨ་རྡོ ནས 2016-09-12 09:07ལ་འགྲུབ།
ཁྱབ་པ་ཁས་ཞེས་པའི་དོན་སྤྱིར་ཁྱབ་པ་ཡོད་མེད་གང་ཡིན་ཡང་ཁྱོད་ཀྱིས་འདི་ལ་ཁྱབ་པ་ཡོད་པར་ཁས་བླངས་ཟིན་པ་རེད་ཅེས་རིགས་ལུང་བས་དམ་བཅའ་བ་ལ་ཁས་བླངས་པ་གསལ་བར་བྱས་པའི་དོན།
སྔ་རྒོལ་གྱི་རྟགས་གསལ་འཕེན་པའི་སྐབས་སུ་ཁྱབ་པ་ཁས་ཞེས་འགོད་པ་ནི། དཔེར་ན། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ། ཟེར་བ་ལ། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། ཞེས་པ་ལྟ་བུ་ཡིན་ལ། དེ་ཡང་ཕྱི་རྒོལ་གྱིས་སྔར་དམ་བཅའ་བའི་གནས་སྐབས་སུ་ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་པ་ཁས་བླངས་པའི་རྒྱུ་མཚན་གྱི་སྔར་ཁྱོད་ཀྱིས་དེ་འདྲའི་ཁྱབ་པ་ཁས་བླངས་སོང་ངོ་ཞེས་ངོ་སྤྲད་པ་ཡིན་ནོ། །