ཅེ་ཧྥེ་ཞུན།སྔ་མའི་པར་གཞི་དེ འབའ་ཚེར།  ནས 2016-09-02 09:22ལ་འགྲུབ།

ཅེ་ཧྥེ་ཞུན།

ཅེ་ཧྥེ་ཞུན།
ཐུའོ་མ་སི﹒ཅེ་ཧྥེ་ཞུན་ནི(1743—1826)ཨ་མེ་རི་ཁའི་ཙུང་ཐུང་གསུམ་པ་དང《རང་བཙན་བསྒྲགས་གཏམ》གྱི་འཆར་ཟིན་འབྲི་མཁན་ཡིན། ཨ་མེ་རི་ཁའི་རྒྱལ་ཁབ་འཛུགས་པར་བྱས་རྗེས་རླབས་ཆེན་བཞག་པའི་མི་སྣའི་གྲས་ཡིན་ལ་ཨ་མེ་རི་ཁའི་ཆབ་སྲིད་ལོ་རྒྱུས་སུ་གོ་ས་གལ་ཆེན་ཟིན་ཡོད། ཁོང་གི་མ་རྩ་རིང་ལུགས་ཀྱི་དམངས་གཙོ་བསམ་བློ་དེས་ཨ་མེ་རི་ཁའི་མི་དམངས་ཀྱི་འཚོ་བ་དང་བསམ་བློ་ལ་ཤུགས་རྐྱེན་ཆེན་པོ་ཐེབས།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
托马斯•杰斐逊
ཕྱི་ཡིག་གི་མིང་།
Thomas Jefferson
རྒྱལ་ཁབ།
ཨ་མེ་རི་ཁ།
འཁྲུངས་འདས་ལོ།
སྤྱི་ལོ1743—1826
ལས་རིགས།
ཆབ་སྲིད་པ། བསམ་བློ་བ། ཁྲིམས་རྩོད་པ། བཟོ་སྐྲུན་པ།
འཐུས་ཚབ་བརྩམས་ཆོས།
《རང་བཙན་བསྒྲགས་གཏམ》《ཧྥེ་ཇེ་ནེ་ཡཱའི་ཉིན་ཐོ།》《ཧྥེ་ཇེ་ནེ་ཡཱའི་རང་མོས་ཆོས་ལུགས་ཁྲིམས་གཞི》
བྱས་རྗེས་གཙོ་བོ།
《རང་བཙན་བསྒྲགས་གཏམ》གྱི་འཆར་ཟིན་བཀོད་པ། ཨ་རིའི་ཙུང་ཐུང་བདམས་ཤིང་འགན་བསྟུན་མར་ཁུར་བ། ལུའུ་དབྱི་སི་ཨན་ནཱའི་ས་བླུའི་གྱོད་དོན། ལིའུ་དབྱི་སི་དང་ཁུ་ལཱ་ཁུའི་རྒྱང་སྐྱོད།
1 ​མི་སྣ་ངོ་སྤྲོད།

ཐུའོ་མ་སི﹒ཅེ་ཧྥེ་ཞུན་ནི(1743—1826)ཨ་མེ་རི་ཁའི་ཙུང་ཐུང་གསུམ་པ་དང《རང་བཙན་བསྒྲགས་གཏམ》གྱི་འཆར་ཟིན་འབྲི་མཁན་ཡིན། ཨ་མེ་རི་ཁའི་རྒྱལ་ཁབ་འཛུགས་པར་བྱས་རྗེས་རླབས་ཆེན་བཞག་པའི་མི་སྣའི་གྲས་ཡིན་ལ་ཨ་མེ་རི་ཁའི་ཆབ་སྲིད་ལོ་རྒྱུས་སུ་གོ་ས་གལ་ཆེན་ཟིན་ཡོད། ཁོང་གི་མ་རྩ་རིང་ལུགས་ཀྱི་དམངས་གཙོ་བསམ་བློ་དེས་ཨ་མེ་རི་ཁའི་མི་དམངས་ཀྱི་འཚོ་བ་དང་བསམ་བློ་ལ་ཤུགས་རྐྱེན་ཆེན་པོ་ཐེབས།

ཅེ་ཧྥེ་ཞུན་ནི་འབྱོར་ཕྱུག་ལྡན་པའི་ཞིང་བདག་ཁྱིམ་ཞིག་ཏུ་སྐྱེས་ལ། ཆུང་དུས་ནས་ཁྱིམ་ཚང་དགེ་རྒན་གྱི་མདུན་དུ་དབྱིན་ཡིག་དང་། རྩིས་རིག གནའ་བོའི་བརྩམས་ཆོས་སོགས་མང་པོ་སྦྱངས། ནར་སོན་རྗེས་ཤེས་རྒྱ་ཆེ་ཞིང་ནུས་རྩལ་ཆེ་བ། བྱ་གཞག་ཀུན་ལ་སྤྲོ་བ་ཆེན་པོ་ལྡན། ལ་ཏིང་གི་སྐད་དང་། ཀེ་རི་སེའི་སྐད། ཧྥ་རན་སེའི་སྐད། སི་ཕེན་གྱི་སྐད་དང་། དབྱི་ཐ་ལིའི་སྐད་བཅས་མཁྱེན་པར་མ་ཟད། མཚན་ཉིད་རིག་པ་དང་གནའ་བོའི་སྐྱེ་དངོས་རིག་པ། གྲངས་རིག་པ། ཞིང་ལས་ལག་རྩལ་རིག་པ། རྩིག་བཟོ་རིག་པ་སོགས་དང་། རོལ་མོ་སོགས་ལའང་སྤྲོ་བ་ལྡན། 1775ལོར། ཅེ་ཧྥེ་ཞུན་སོགས་ཀྱིས《རང་བཙན་བསྒྲགས་གཏམ》བྲིས་ཤིང་། འདི་ནི་ཡིག་ཆ་རླབས་ཆེན་ཞིག་ཡིན་ཏེ། མར་ཁེ་སིས༼འདི་ནི་མི་དབང་བསྒྲགས་གཏམ་གྱི་ཐོག་མ་ཡིན༽ཞེས་བསྟོད་བསྔགས་བྱས། 1800ལོའི་ཟླ12པར། ཅེ་ཧྥེ་ཞུན་ཨ་མེ་རི་ཁའི་ཙུང་ཐུང་གསུམ་པར་བདམས་ཐོན་བྱུང་ཞིང་བསྟུད་མར་སྐབས་གཉིས་ལ་འགན་བཞེས། སྤྱོད་ཚུལ་དམངས་གཙོ་ལྡན་ཞིང་བབ་ཆགས་ཤིང་གཡོ་ཟོལ་བྲལ་ཕྱིར། མི་རྣམས་ཀྱིས་ཁོང་ལ༼མི་སེར་ཙུང་ཐུང༽ཞེས་འབོད་བཞིན་ཡོད། 

ཐེངས་ཤིག ཅེ་ཧྥེ་ཞུན་གྱིས་གོན་པ་སྟབས་བདེ་ཞིག་གྱོན་ཏེ་ཁེར་རྐྱང་དུ་པ་ཨེར་གྱི་མོ་གྲོང་དུ་བསླེབས་པ་ན་ས་རུབ་སོང་། ཁོང་ཉིད་མགྲོན་ཁང་ཆེན་པོ་ཞིག་ཏུ་ཞག་འདུག་བྱེད་བསམ། མགྲོན་ཁང་བདག་པོས་ཅེ་ཧྥེ་ཞུན་གྱི་གོན་པ་དང་ལྟག་རྒྱབ་ཀྱི་ཤ་ཤེད་ཞན་པའི་བཞོན་རྟ་དེ་ལ་ཞིབ་ལྟ་ཞིག་བྱས་རྗེས་ཞིང་པ་གཉོམ་ཆུང་ཞིག་རེད་བསམ་ནས༼འདི་ན་ཞིང་པ་འདུག་སའི་གནས་མེད། ཁྱོད་མགྲོན་ཁང་གཞན་དུ་སོང་།༽ཞེས་བཤད། ཅེ་ཧྥེ་ཞུན་གྱིས་ཅི་ཡང་མི་སྨྲ་བར་རྟ་ཞོན་ནས་བུད་སོང་། གནས་ཚུལ་འདི་དག་མགྲོན་ཁང་དེར་སྡོད་པའི་མི་དྲག་ཅིག་གིས་མཐོང་བས། མགྲོན་ཁང་གི་བདག་པོ་དེ་ལ། ཞིང་པ་གོན་པ་རྙིང་ཧྲུལ་གྱོན་པ་དེ་ནི་ཨ་རིའི་ཙུང་ཐུང་རེད་ཅེས་བཤད་པ་ན། ཁང་བདག་སྐྲག་ནས་དེ་འཕྲལ་གང་སར་ཅེ་ཧྥེ་ཞུན་འཚོལ་དུ་རྒྱུགས། མཐའ་མར་མགྲོན་ཁང་ཆུང་ཆུང་ཞིག་ཏུ་རྙེད་ནས་ཕྱིར་རང་གི་མགྲོན་ཁང་དུ་སྡོད་ཅེས་རེ་བ་ཞུས་དུས། ཅེ་ཧྥེ་ཞུན་དགོད་ཞོར་དུ༼ཞིང་པ་ལ་ཁྱོད་ཀྱི་མགྲོན་ཁང་དུ་འདུག་ས་མེད་ན། ཙུང་ཐུང་ལའང་འདུག་ས་ཡོད་མི་སྲིད་དེ། རྒྱུ་མཚན་ནི་ཞིང་བ་དང་ཙུང་ཐུང་གཉིས་ནི་མི་གཅིག་ཡིན༽ཞེས་བཤད། དེའི་རྗེས་སུ་མགྲོན་ཁང་གི་བདག་པོ་ཚོས་གོན་པ་རྙིང་ཧྲུལ་གྱོན་པའི་ཞིང་པ་གཉོམ་ཆུང་ཚང་མ་སྣང་མེད་དུ་འཇོག་མི་ཕོད་པར་གྱུར་ཏོ།།



དཔྱད་གཞིའི་ཡིག་ཆ།