མཛོད་བདག་ལྷ་རི་དྲེའུ་དཀར།སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-08-06 18:10ལ་འགྲུབ།

མཛོད་བདག་ལྷ་རི་དྲེའུ་དཀར།

གནས་རི་ཞིག་སྟེ། རི་བོ་འདི་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ15ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4554ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
左德禾拉日支盖
ལ་ཏིང་གི་མིང་།
mdzod bdag lha ri dre’u dkar
རིགས་དབྱེ།
རི་བོ།
མཚོ་འཕགས།
སྨི4554
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་ཁོལ་ཡུལ་ཚོ།
གནས་ཡུལ།
ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཡོད།
1 ངོ་སྤྲོད།

འདི་ནི་གནས་རི་ཞིག་སྟེ། རི་བོ་འདི་ནི་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ15ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4554ཡོད། ངག་རྒྱུན་ལྟར་ན། རི་འདིའི་གནས་བདག་ནི་ཨ་མྱེས་རྨ་རྒྱལ་གྱི་མཛོད་ཀྱི་བདག་པོ་ཡིན་པར་བཤད་ལ། ཆིབས་སུ་དྲེའུ་དཀར་བོ་བཅིབས་པ་ཞིག་ཀྱང་ཡིན་པར་གྲགས་པས་རི་འདིའི་མིང་ཡང་དེ་ལྟར་དུ་ཐོགས།


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། རི་སྒང་ཉག་གསུམ།