མོ་རྡོ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-08-01 18:25ལ་འགྲུབ།

མོ་རྡོ།

མོ་རྡོ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་སྔོན་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། ཆུ་སྔོན་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ15ཙམ་གྱིས་ཆོད་པའི་ཆུ་སྔོན་ཆུའི་བྱང་འགྲམ་དུ་ཆགས་ཡོད་ཅིང་། སྔོན་གྱི་ཆུ་སྔོན་ཡུལ་ཚོའི་སྲིད་གཞུང་གནས་ཡུལ་ཡིན། འདི་ནི་སྒོ་མེ་ཆུ་སྔོན་མའི་ཁོངས་གཏོགས་སྡེ་བ་གཉིས་ཀྱི་ཡ་གྱལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
莫多
ལ་ཏིང་གི་མིང་།
mo rdo
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་སྔོན་གྲོང་རྡལ།
གནས་ཡུལ།
ཆུ་སྔོན་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་ཀྱི་ཆུ་སྔོན་ཆུའི་བྱང་འགྲམ་དུ་ཆགས་ཡོད།
1 ངོ་སྤྲོད།

མོ་རྡོ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་སྔོན་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། ཆུ་སྔོན་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ15ཙམ་གྱིས་ཆོད་པའི་ཆུ་སྔོན་ཆུའི་བྱང་འགྲམ་དུ་ཆགས་ཡོད་ཅིང་། སྔོན་གྱི་ཆུ་སྔོན་ཡུལ་ཚོའི་སྲིད་གཞུང་གནས་ཡུལ་ཡིན། འདི་ནི་སྒོ་མེ་ཆུ་སྔོན་མའི་ཁོངས་གཏོགས་སྡེ་བ་གཉིས་ཀྱི་ཡ་གྱལ་ཡིན། སྡེ་བ་འདིའི་ནང་ན་འབྲུ་གུ་དང་། ཟར་ཁ། དོང་ལུང་། ཉོག་སྐོར་བཅས་ཚོ་ཁག་བཞི་ཡོད། “མོ་རྡོ”ཟེར་བ་ནི་སོག་སྐད་དེ། སོག་སྐད་ཀྱི“མོ་ཏི”ཞེས་པའི་བརྡ་འགྱུར་བའི་འབོད་སྟངས་ཡིན་པར་བཤད། ནགས་ཡོད་སའི་ས་ཞེས་པའི་དོན་ཡིན།  དུས་རབས་བཅུ་དྲུག་པའི་རྗེས་སུ་སོག་པོའི་ཚོ་སྡེ་དུ་མ་འདིར་བསྡད་སྐབས་བཏགས་པའི་ས་མིང་ཞིག་ཡིན།