མིན་ཞིན།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-08-01 18:24ལ་འགྲུབ།

མིན་ཞིན།

མིན་ཞིན་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཐང་ནག་ཡུལ་ཚོ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། ཐང་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་ན་ཡོད། སྔར་སེང་ལྡེང་རུ་ཆེན་གྱི་ཁོངས་གཏོགས་རུ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
明星
ལ་ཏིང་གི་མིང་།
ming xing cun
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཐང་ནག་ཡུལ་ཚོ།
གནས་ཡུལ།
ཐང་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་ན་ཡོད།
1 ངོ་སྤྲོད།

མིན་ཞིན་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཐང་ནག་ཡུལ་ཚོ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། ཐང་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་ན་ཡོད། སྔར་སེང་ལྡེང་རུ་ཆེན་གྱི་ཁོངས་གཏོགས་རུ་ཁག་ཅིག་ཡིན། དེ་དུས་མིང་ལ“གོ་ཡོན་ཏོས”ཟེར། 1984ལོར་གནས་འདིར་སྤར་རྗེས་མིང་བརྗེས་ཏེ་མིན་ཞིན་དུ་བཏགས།