མཚོ་འཁྱིལ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-08-01 18:23ལ་འགྲུབ།

མཚོ་འཁྱིལ།

མཚོ་འཁྱིལ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ10ཡི་མཚམས་ཀྱི་ཧང་ཆུའི་འགྲམ་རྒྱུད་དུ་ཡོད། འདིའི་ཁོངས་སུ་མཚོ་འཁྱིལ་གོང་ཞོལ་དང་། ནགས་རྒན། མཚོ་འཁྱིལ་ཆུང་བ། ཐོན་ཅེ། ཞིང་ཁ་གོང་ཞོལ། ཐུ་ཝོས་དཀར་ལྡང་། ར་ཆག་བཅས་སྡེ་ཆུང9ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
泉曲
ལ་ཏིང་གི་མིང་།
mtsho ‘khyil
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ།
གནས་ཡུལ།
རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ཀྱི་ཧང་ཆུའི་འགྲམ་རྒྱུད་དུ་ཡོད།
1 ངོ་སྤྲོད།

མཚོ་འཁྱིལ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ10ཡི་མཚམས་ཀྱི་ཧང་ཆུའི་འགྲམ་རྒྱུད་དུ་ཡོད། འདིའི་ཁོངས་སུ་མཚོ་འཁྱིལ་གོང་ཞོལ་དང་། ནགས་རྒན། མཚོ་འཁྱིལ་ཆུང་བ། ཐོན་ཅེ། ཞིང་ཁ་གོང་ཞོལ།  ཐུ་ཝོས་དཀར་ལྡང་། ར་ཆག་བཅས་སྡེ་ཆུང9ཡོད། གནས་འདིར་ལོ་ཏོག་གི་ལྗང་མྱུག་རྒྱས་པའི་དུས་སུ་ཧང་ངའི་ཁ་ནས་མར་བལྟས་ཚེ། མཚོ་མོ་འཁྱིལ་བ་དང་མཚུངས་པས་ན་མིང་ཡང་དེ་ལྟར་དུ་ཐོགས་ཟེར།