བྲག་དམར།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-08-01 18:13ལ་འགྲུབ།

བྲག་དམར།

བྲག་དམར་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ16ཙམ་གྱི་མཚམས་ན་ཡོད། སྡེ་བ་འདིའི་ཁོངས་སུ་བྲག་དམར་དང་། རྩ་བ། རྒན་རྒྱ། དམེ་སྐོར་བཅས་ཚོ་ཁག་བཞི་ཡོད། ཚོ་སྡེ་འདི་དག་ཤ་སྦྲང་ཚོ་དྲུག་གི་ཁོངས་གཏོགས་ཕྱིས་རྒྱལ་སྡེ་བའི་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
直亥麦
ལ་ཏིང་གི་མིང་།
brag dmar
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ།
གནས་ཡུལ།
རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་ན་ཡོད།
1 ངོ་སྤྲོད།

བྲག་དམར་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ16ཙམ་གྱི་མཚམས་ན་ཡོད། སྡེ་བ་འདིའི་ཁོངས་སུ་བྲག་དམར་དང་། རྩ་བ། རྒན་རྒྱ། དམེ་སྐོར་བཅས་ཚོ་ཁག་བཞི་ཡོད། ཚོ་སྡེ་འདི་དག་ཤ་སྦྲང་ཚོ་དྲུག་གི་ཁོངས་གཏོགས་ཕྱིས་རྒྱལ་སྡེ་བའི་གྲས་ཡིན། དེ་ལས་བྲག་དམར་ཟེར་བའི་ཚོ་སྡེ་དེ་ལུང་བ་ཞིག་ཏུ་ཆགས་ཡོད་ཅིང་། ལུང་བ་དེའི་ནང་ན་བྲག་དམར་འདའ་བསྒྱིངས་ཟེར་བའི་བྲག་སྣ་ཞིག་ཡོད་པ་དེའི་མིང་གི་ཕྱེད་ཀ་དྲས་ནས། ཚོ་སྡེ་དེའི་མིང་ལའང་དེ་སྐད་དུ་བཏགས་ལ། དེ་ནི་སྡེ་བ་འདིའི་ཚོ་སྡེ་བཞི་བོའི་སྤྱི་མིང་ཡང་ཡིན།