བློན་ཆོས་ཡུལ་ཚོ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2016-07-21 16:01ལ་འགྲུབ།

བློན་ཆོས་ཡུལ་ཚོ།

བློན་ཆོས་ཡུལ་ཚོ།
བློན་ཆོས་ཡུལ་ཚོ་ནི་རེབ་གོང་རྫོང་གི་ནུབ་ཕྱོགས་ཏེ། དེ་ནས་རོང་བོ་གྲོང་རྡལ་གྱི་བར་ལ་སྤྱི་ལེ27ཡོད་ཅིང་། དེའི་ཤར་གཉན་ཐོག་དང་ཧོར་ནག་ཡུལ་ཚོ། བྱང་གཅན་ཚ་རྫོང་། ལྷོ་རྩེ་ཁོག་རྫོང་། ནུབ་ཁྲི་ཀ་རྫོང་བཅས་དང་འབྲེལ་ལ། ས་དབྱིབས་ནུབ་ལྷོ་མཐོ་ལ་ཤར་བྱང་དམའ་ཞིང་། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ452.52ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
兰采乡
ལ་ཏིང་གི་མིང་།
blong che
སྲིད་འཛིན་རིགས་དབྱེ།
ཡུལ་ཚོ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་།
མངའ་ཁོངས།
བློན་ཆེ་རོང་བ་དང་སྒར་བ། དམེ་ཚང་། དཔའ་མཆོག་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང་བཞི་དང་སྡེ་ཆུང་དྲུག ཕྱུགས་ལས་ས་ཚིགས་གཅིག་བཅས་བསྡུས།
སྲིད་གཞུང་གནས་ཡུལ།
བློན་ཆོས་སྡེ་བ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ458.5ཡོད།
མི་གྲངས།
ཕལ་ཆེར་མི་ཁྲི0.3ཡོད། (སྤྱི་ལོ2014ལོར)
སྐད་རིགས།
བོད་ཨ་མདོའི་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
གནས་ཡུལ།
རེབ་གོང་རྫོང་གི་ནུབ་ཕྱོགས།
1 ངོ་སྤྲོད།

བློན་ཆོས་ཡུལ་ཚོ་ནི་རེབ་གོང་རྫོང་གི་ནུབ་ཕྱོགས་ཏེ། དེ་ནས་རོང་བོ་གྲོང་རྡལ་གྱི་བར་ལ་སྤྱི་ལེ27ཡོད་ཅིང་། དེའི་ཤར་གཉན་ཐོག་དང་ཧོར་ནག་ཡུལ་ཚོ། བྱང་གཅན་ཚ་རྫོང་། ལྷོ་རྩེ་ཁོག་རྫོང་། ནུབ་ཁྲི་ཀ་རྫོང་བཅས་དང་འབྲེལ་ལ། ས་དབྱིབས་ནུབ་ལྷོ་མཐོ་ལ་ཤར་བྱང་དམའ་ཞིང་། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ452.52ཡོད།

སྤྱི་ལོ1984ལོར་བློན་ཆོས་ཡུལ་ཚོ་རུ་བསྒྱུར་ནས་ཁོངས་སུ་བློན་ཆེ་རོང་བ་དང་སྒར་བ། དམེ་ཚང་། དཔའ་མཆོག་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང་བཞི་དང་སྡེ་ཆུང་དྲུག ཕྱུགས་ལས་ས་ཚིགས་གཅིག་བཅས་བསྡུས། ཡུལ་ཚོ་ཡོངས་ཀྱི་མཚོ་འཕགས་ཆེས་མཐོ་བ་སྨི4767དང་ཆེས་དམའ་བའི་ཚད་སྨི2200ཡིན།

ཡུལ་ཚོ་འདི་ནི་རོང་མ་འབྲོག་གི་ས་ཁུལ་ཏེ། རྨོད་འདེབས་ཀྱི་ས་ཞིང་ལ་མུའུ་གྲངས1818 ཡོད་ཅིང་། དེའི་ནང་དུ་ཆུ་མ་མུའུ་གྲངས231ཡོད། གཙོ་ཆེར་གྲོ་ནས་སྲན་གསུམ་དང་སྐེ་ཚེ་འདེབས་བཞིན་ཡོད། སྤྱི་ལོ1965ལོར་རྒྱལ་ཁབ་ཀྱི་རོགས་དངུལ་ལ་བརྟེན་ནས་གནམ་གཤིས་ཀྱི་ཆ་རྐྱེན་ཅུང་བཟང་བའི་ནོའུ་རོང་ལུང་བའི་བང་དཀར་ཐང་དུ་ས་རྒོད་བསློགས་ཏེ་མུའུ་གྲངས260ཆུ་མར་བསྒྱུར་ཞིང་། བློན་ཆོས་རོང་ནས་ཁྱིམ་ཚང22དེར་གནས་སྤོར་ཏེ་གཞི་སྡོད་བྱས་ནས་ཞིང་བཏབ། འབྲོག་པའི་རྩྭ་ས་ལ་མུའུ་གྲངས606506ཡོད་པ་ལས། བེད་སྤྱོད་བྱེད་ཆོག་པའི་རྩྭ་ར་མུའུ་གྲངས554919ཡོད། ཕྱུགས་རིགས་སྣ་ཚོགས27479ཡོད། ཡུལ་ཚོའི་ཤར་ཕྱོགས་ནགས་ཁུལ་ཏེ། ནགས་ལས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། བློན་ཆེའི་རྒྱལ་གཉེར་ནགས་ར་ནི་ཡུལ་ཚོའི་མངའ་ཁོངས་སུ་ཡོད་དེ། ནགས་ལས་བེད་སྤྱོད་ཀྱི་ས་ཁྱོན་ལ་སྤྱི་ཆིང140.52ཡོད་ལ། དེའི་ནང་དུ་གསོན་ཤིང་དང་ཤུག་པ།  སྟག་པ།  དབྱར་བ།  ལྕང་མ་སོགས་ཡོད།

དབྱར་རྩྭ་དགུན་འབུ་དང་ཀྱི་ལྕེ། མེ་ཏོག་གངས་ལྷ། སྲད་དཀར། སྙི་བ། སྤྲུ་ནག་སོགས་སྨན་རྩྭའི་རིགས་བརྒྱ་ལྷག་གི་ཐོན་ཁུངས་འཛོམས་པ་མ་ཟད། རི་སྐྱེས་སྲོག་ཆགས་ཀྱང་མང་པོ་ཡོད།

ཡུལ་ཚོ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ11ཕྱིན་པའི་མཚམས་སུ་ཆུ་ཚན་ཞིག་ཡོད་པ་དེ་ནི་པགས་ནད་དང་གྲུམ་བུ། མཁལ་ཚད། ཕོ་ཚད་གསོ་བར་ཕན་ནུས་ལྡན་པས། དབྱར་ཁ་དང་སྟོན་ཀར་ཉེ་འཁོར་རྫོང་སོགས་ཀྱི་མང་ཚོགས་ནད་གསོ་བར་ཡོང་བ་རྒྱུན་མི་ཆད་ཅིང་། ད་ལྟ་གནས་འདི་ནི་ལྟ་སྐོར་དང་ནད་གསོ་བྱེད་པའི་ས་ཁུལ་གསར་བ་ཞིག་ཏུ་གྱུར་འདུག