མདོ་བ་ཡུལ་ཚོ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2016-07-21 16:01ལ་འགྲུབ།

མདོ་བ་ཡུལ་ཚོ།

མདོ་བ་ཡུལ་ཚོ།
མདོ་བ་ཡུལ་ཚོ་ཞེས་པ་ནི་རེབ་གོང་རྫོང་གི་ཤར་ཕྱོགས་ཏེ། རོང་བོ་གྲོང་རྡལ་གྱི་བར་ཐག་ལ་སྤྱི་ལེ 41.5ཡོད་ཅིང་། བྱང་དུ་མགར་རྩེ་ཡུལ་ཚོ་དང་ཆུ་ཁོག་ཡུལ་ཚོ། ཤར་དུ་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་། ནུབ་རྩེ་ཁོག་རྫོང་དང་འབྲེལ་ཡོད། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ935ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多哇乡
ལ་ཏིང་གི་མིང་།
mdo ba
སྲིད་འཛིན་རིགས་དབྱེ།
ཡུལ་ཚོ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་།
མངའ་ཁོངས།
རྒྱ་འདུ་དང་མཁར་སྐྱ། སྡོང་སྔས། སྒྲོ་གཡོན་ལག ཆུ་རྔ། སྒྲོ་རོང་བོ་བཅས་འབྲོག་དམངས་ཨུ་ཡོན་ལྷན་ཁང་དྲུག་ཡོད།
སྲིད་གཞུང་གནས་ཡུལ།
གཡག་ལུང་རྩ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ935ཡོད།
མི་གྲངས།
ཕལ་ཆེར་མི་ཁྲི0.4ཡོད།
སྐད་རིགས།
བོད་ཨ་མདོའི་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
གནས་ཡུལ།
རེབ་གོང་རྫོང་གི་ཤར་ཕྱོགས།
1 ངོ་སྤྲོད།

མདོ་བ་ཡུལ་ཚོ་ཞེས་པ་ནི་རེབ་གོང་རྫོང་གི་ཤར་ཕྱོགས་ཏེ། རོང་བོ་གྲོང་རྡལ་གྱི་བར་ཐག་ལ་སྤྱི་ལེ 41.5ཡོད་ཅིང་། བྱང་དུ་མགར་རྩེ་ཡུལ་ཚོ་དང་ཆུ་ཁོག་ཡུལ་ཚོ། ཤར་དུ་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་།  ནུབ་རྩེ་ཁོག་རྫོང་དང་འབྲེལ་ཡོད།  སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ935ཡོད།

སྤྱི་ལོ1984ལོར་མདོ་བ་ཡུལ་ཚོ་རུ་བསྒྱུར་ཏེ་ཁོངས་སུ་རྒྱ་འདུ་དང་མཁར་སྐྱ། སྡོང་སྔས། སྒྲོ་གཡོན་ལག ཆུ་རྔ། སྒྲོ་རོང་བོ་བཅས་འབྲོག་དམངས་ཨུ་ཡོན་ལྷན་ཁང་དྲུག་ཡོད། ཡུལ་ཚོ་སྲིད་གཞུང་ནི་གཡག་ལུང་རྩ་རུ་ཡོད།

རེབ་གོང་རྫོང་གི་ཆུ་བོ་ཨང་གཉིས་པའི་མགོ་ཁུངས་ནི་ཡུལ་ཚོ་འདིའི་མངའ་ཁོངས་སུ་ཡོད་ལ། སྤྱིའི་ས་དབྱིབས་ནི་ནུབ་ལྷོ་མཐོ་ལ་ཤར་བྱང་གཉིས་དམའ་བ་རེད། མངའ་ཁོངས་སུ་མཚོ་འཕགས་སྨི4281ལྡན་པའི་མཐོ་ཞིང་བརྗིད་ཆགས་པའི་ཨ་མྱེས་ཉན་རི་ཡོད། འདི་ནི་ནམ་ཟླ་འཁྱགས་པའི་མཐོ་ཁུལ་དུ་གཏོགས་པས། དཔྱིད་དུས་དྲོད་ཚད་དམའ་ཞིང་རླུང་ཤུགས་ཆེ་ལ་ཆར་བ་ཉུང་། ས་གཤིས་སྐམ་ཤས་ཆེ་བས། རྩྭ་སར་སྔོ་འབུད་པ་འཕྱི་བ་རེད།

ཡུལ་ཚོ་ཡོངས་སུ་བཀོལ་སྤྱོད་བྱེད་ཆོག་པའི་རྩྭ་ས་སྤྱི་ལེ་གྲུ་བཞི་མ888ཡོད་ཅིང་། དབྱར་རྩྭ་དགུན་འབུ་དང་མེ་ཏོག་གངས་ལྷ་སོགས་རྩྭ་སྨན་རྩ་ཆེན་འཛོམས་པ་མ་ཟད། བྱ་ཝང་དང་བྱ་གོང་མོ།  གླ་བ།  ཤྭ་བ།  དགོ་བ།  གནའ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་མང་བོ་ཡོད།

ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི5.2℃ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི425.7དང་། ལོ་རེའི་ཆ་སྙོམས་ཀྱི་ཉི་མ་ཤར་ཚད་དུས་ཚོད2413.1 ནས2634.9ཡིན་ལ།  འདིའི་ཁོངས་སུ་དགོན་པ་གཅིག་ཡོད་ལ། དེ་ནི་མདོ་བ་དགོན་པ་ཡིན།