ཞྭ་ལབ་ཙེ།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ། ནས 2016-07-21 16:49ལ་འགྲུབ།
གཅན་ཚ་རྫོང་སྟེང་སོ་ཡུལ་ཚོ་ཤིང་མཁར་སྡེ་བའི་སྟོད་ཙམ་ན་ཆེ་ཆུང་རན་ཙམ་གྱི་སྤང་ཐང་ཡིད་དུ་འོང་བ་ཞིག་ཡོད་པའི་རི་རྩེ་ཏག་ཏག་ན་གསོམ་སྡོང་བཅུ་ཕྲག་འགའ་ལབ་ཙེ་བསྟད་པའི་ཚུལ་དུ་སྐྱེས་ཡོད། ཡུལ་མི་རྣམས་ཀྱི་ངག་རྒྱུན་ལ། ཆོས་རྗེ་དོན་གྲུབ་རིན་ཆེན་གནས་དེར་ཕེབས་ཏེ་ས་གཞི་བྱིན་གྱིས་བརླབས། ཕྱི་ཉིན་ཕེབས་ཁར་ཁོང་གི་ཞྭ་མོ་བརྗེད་སོང་བ་ཞབས་ཕྱི་ཞིག་ལེན་དུ་སོང་དུས། ཡ་མཚན་པ་ཞིག་ལ་ཞྭ་མོའི་ནང་དུ་ཞོ་བཀང་འཁྱིལ་འདུག་པ་མཐོང་། དེ་བས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞྭ་མོ་ནང་རྟེན་དུ་བཞུགས་སུ་གསོལ་ཏེ་ལབ་ཙེ་ཞིག་བསྟད། དེའི་རྟེན་འབྲེལ་གྱིས་གསོམ་སྡོང་མང་བོ་སྐྱེས་ཏེ་རང་བྱོན་ལབ་ཙེ་ཞིག་ཏུ་གྱུར་བར་བཤད། ད་ལྟའང་ཞྭ་ལབ་ཙེ་ཞེས་གྲགས་ཆེ།