བསྡུམས།སྔ་མའི་པར་གཞི་དེ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ། ནས 2016-07-07 11:33ལ་འགྲུབ།
རྒྱ་ཡིག 调和,家屋
དབྱིན་ཡིག reconcile, settle, house
1.དག་ཡིག་གསར་བསྒྲིགས་ལས། སྡུམ་ལ་ལྟོས།
2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། གྱོད་དང་ཁ་མཆུ་སོགས་བསྡུམས་ཟིན་པ།
3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ❶[ཐ་དད་པ] བསྡུམས་པ། བསྡུམ་པ། སྡུམས། མཐུན་པར་བྱེད་པ། 调和,调解,消弭争端:ཕན་ཚུན་བར་དུ་རེས་དཀྲུགས་རེས་སྡུམ་མང་དུ་བྱུང་བ། 彼此之间,时战时和,多次反复。རྩོད་གཞི་བསྡུམས་ནས་སྔར་བཞིན་འཆམ་པོར་གྱུར། 争端调解之后,和好如初。❷[རྙིང]ཁྱིམ་མམ་ཁང་པ། 家屋,住宅。
4. སྨོན་ལམ་ཚིག་མཛོད་ཆེན་མོ་ལས། བྱ་ཚིག བྱ་བྱེད་ཐ་དད་པ། སྡུམ་གྱི་མ་འོངས་པ། མ་འོངས་པ། བསྡུམ། ད་ལྟ་བ། སྡུམ། འདས་པ། བསྡུམས། སྐུལ་ཚིག སྡུམས།