ཨ་འབྱུང་ནང་མགོ།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ།  ནས 2016-07-19 16:03ལ་འགྲུབ།

ཨ་འབྱུང་ནང་མགོ།

ཨ་འབྱུང་ནང་མགོ།
ཨ་འབྱུང་ནང་མགོ་ཞེས་པ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྐྱ་རྒྱ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སྡེ་ཆུང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安能果村
ལ་ཏིང་གི་མིང་།
a vbyung nang mgo
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་སྐྱ་རྒྱ་ཡུལ་ཚོ།
མི་གྲངས།
མི286།
གནས་ཡུལ།
གཅན་ཚ་རྫོང་སྐྱ་རྒྱ་ཡུལ་ཚོ་སྲིད་གཞུང་གི་ཤར་བྱང་མཚམས་སུ་ཡོད།
1 ངོ་སྤྲོད།

ཨ་འབྱུང་ནང་མགོ་སྡེ་བ་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྐྱ་རྒྱ་ཡུལ་ཚོ་སྲིད་གཞུང་གི་ཤར་བྱང་མཚམས་སུ་ཡོད་ལ། མིང་དུ་ཨ་འབྱུང་ནང་མགོ་ཞེས་ཐོགས་དོན་ནི་ཨ་འབྱུང་གྲམ་པའི་མགོ་སྟོད་དུ་ཆགས་པས་མིང་དེ་ལྟར་ཐོགས། ནང་མགོ་སྡེ་བ་ནི་ནང་མདོའི་དཔོན་སྐོར་དང་འབུམ་པ་སྐོར་མཆེད་ནས་གྲུབ་པ་ཡིན། སྡེ་བ་དེར་རྩ་ཚང་དང་། དཔོན་སྐོར། འབུམ་པ་སྐོར་བཅས་ཚོ་བ་གསུམ་ཡོད།